དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་འདི་ཉིད་རྒྱལ་ཡོངས་ཀྱི་ཁག་དང་པོའི་5G—Aདྲ་རྒྱའི་ཚོང་སྤྱོད་གྲོང་ཁྱེར་དུ་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-08

    ཉེ་ཆར། ཀྲུང་གོ་སྒུལ་བདེས་ཧང་ཀྲོའུ་རུ་གོ་ལ་ཧྲིལ་པོའི་5G—Aཚོང་སྤྱོད་དྲ་རྒྱ་ཐོག་མར་བཀོད་སྒྲིག་བྱས་ནས་5G—Aདྲ་རྒྱའི་ཚོང་སྤྱོད་གྲོང་ཁྱེར་ཁག་དང་པོའི་མིང་ཐོ་100ཡོངས་བསྒྲགས་བྱས་པ་དང་འབྲེལ། ལོ་འདིའི་ནང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་300ལྷག་ཙམ་བར་རྒྱ་སྐྱེད་བཏང་སྟེ། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་5G—Aཡི་ཚོང་སྤྱོད་དྲ་རྒྱ་བསྐྲུན་རྩིས་ཡོད་པའི་ཁྱབ་བསྒྲགས་བྱས་པའི་ནང་ལྷ་ས་འདི་ཉིད་5G—Aདྲ་རྒྱའི་ཚོང་སྤྱོད་གྲོང་ཁྱེར་ཁག་དང་པོའི་མིང་ཐོ་100ཡི་ནང་ཚུད་ཡོད་པ་རེད།

    ཀྲུང་གོ་སྒུལ་བདེའི་5G—Aལས་རིགས་བཀོལ་སྤྱོད་དེས་ས་ཆ་མང་པོའི་ཐོན་སྐྱེད་དང་འཚོ་བའི་ཐད་ཞབས་འདེགས་གཏིང་ཟབ་ཞུས་ཡོད་ཅིང་། བོད་དུ་ཀྲུང་གོ་སྒུལ་བདེས་ལྷ་སའི་བཅིངས་འགྲོལ་དཀྱིལ་ལམ་གྱི་ལས་གཉེར་ཚོམས་ཆེན་དུ་5G—A3CCབཀོལ་སྤྱོད་ཀྱི་ཉམས་ལེན་ཁུལ་བཙུགས་ནས། ཚོང་ཤག་ལ་5G—Aཡི་མྱུར་ཚད་ཉམས་ལེན་དང་། གཅེར་མིག་3D སྒུལ་བདེའི་སྤྲིན་ཚོམ་ལག་ཐོགས་ཁ་པར། 5Gཡི་ཁ་པར་རྒྱག་སྟངས་གསར་པ་བཅས་ཀྱི་ལས་སྒོ་གསར་པ་ཆེན་པོ་བཞིའི་ཉམས་ལེན་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་2.6G+4.9Gཡི་ཐེག་རླབས་གསུམ་མཉམ་འདུས་ལག་རྩལ་བཀོད་སྒྲིག་བྱས་ནས། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་མཚོན་བྱེད་དུ་བྱེད་པའི་5G—Aཡི་སྤུས་དག་དཔེ་སྟོན་ཁུལ་ཧུར་ཐག་གཏོད་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།