རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་མཚོས་བརྗོད་དོན།
ཚོགས་འདུ་གཉིས་ཀྱི་གསུང་སྒྲ་བརྒྱུད་བསྒྲགས་བྱས་ནས་གདེང་ཚོད་དང་ངར་ཤུགས་ཆེ་རུ་གཏོང་དགོས།
ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་རང་སྐྱོང་ལྗོངས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་པད་མ་མཚོས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི“དུས་ཐེངས་བདུན་པའི་ཧི་མ་ལ་ཡའི་སྤྱི་ཚོགས་ཚན་རིག་གི་འཆད་སྟེགས་ཆེ་མོའི”རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཆེད་དོན་འཆད་ཁྲིད་བྱེད་རིང་། 《སེམས་ཤུཊ་གཅིག་སྒྲིལ་གྱིས་ལེའུ་གསར་རྩོམ། རྒྱལ་ཡོངས་མི་དམངས་འཐུས་ཚོཊ་སྐབས་བཅུ་བཞི་པའི་ཚོཊ་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲཊ་བྱེད》ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་འཆད་ཁྲིད་གནང་བ་དང་། དྲ་ཐོག་དང་དྲ་ཕྱིའི་ཁྱོན་མི་300ཡིས་འཆད་ཁྲིད་ཉན་པ་རེད།
སྒྲོག་འགྲེལ་གནང་རིང་། པད་མ་མཚོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོཊ་ཆེན་གྱི་མཛུབ་ཁྲིད་བསམ་བློ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་གཙོ་བོ། བོད་ཀྱི་འཐུས་མི་ཚོགས་པའི་འགན་འཁྲི་སྒྲུབ་ཚུལ་སོགས་ལ་གཙོ་གནད་ཐོག་དམིགས་ནས་འགྲེལ་བཤད་བརྒྱབ་སྟེ། བརྗོད་དོན་གཙོ་བོ་མངོན་གསལ་དོད་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ་བསམ་བློའི་གཏིང་ཚད་ལྡན་པ། རིགས་པའི་གཞུང་ལུགས་ཡོད་ལ་ལག་ལེན་བསྟར་རིན་ཡང་ཡོད་པ་བཅས་ཀྱི་འཆད་ཁྲིད་ཡག་པོ་ཞིག་གནང་བ་རེད།
པད་མ་མཚོས“ཏང་སེམས་དང་དམངས་སེམས་གཅིག་མཐུན་དང་། སྲིད་ཇུས་དང་དམངས་འདུན་གཅིག་མཐུན་ཡོང་བར་བྱས་ཏེ། རྒྱལ་ཡོངས་ཚོགས་འདུ་གཉིས་རིང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པ་བརྒྱུད་ཏང་གི་དགོངས་ཚུལ་རྒྱལ་ཁབ་ཀྱི་བློ་སྟོབས་སུ་བསྒྱུར་ནས་ཕྱོགས་ཁག་གི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྐུལ་སློང་གང་ལེགས་བྱས་ཡོད”ཅེས་གསུངས་པ་རེད།
སྒྲོག་འགྲེལ་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་ལ་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས། འཐུས་མི་པད་མ་མཚོའི་འཆད་ཁྲིད་ལས་རྒྱལ་ཡོངས་ཚོགས་འདུ་གཉིས་དང་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་མྱོང་ཚོར་དེ་བས་ཟབ་མོ་བྱུང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་པད་མ་མཚོས《བོད་ཀྱི་དབང་སྐྱོན་གཞོན་ནུ་ལོ་ཆུང་གིས་མཐོ་རིམ་སློབ་འབྲིང་ཡན་གྱི་དམིགས་བསལ་སློབ་གསོ་མུ་མཐུད་དང་ལེན་བྱེད་རྒྱུའི་སྐོར་གྱི་གྲོས་འགོ་འགའ་ཞིག》དང《བོད་ཀྱི་ལོ་ན་མཐོ་བའི་ཁ་གསབ་ཀྱི་ཚད་གཞི་ད་ཡོད་ཀྱི་ལོ་80ནས་ལོ་70བར་དམའ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》སོགས་ཕུལ་ཡོད། གྲོས་འགོ་འདི་དག་ཚང་མ་ཞིང་ནང་དང་མུ་ཁར་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་བྱུང་བའི་ཆ་འཕྲིན་ཡིན་ཞིང་། ལས་རིགས་གཙོ་གཉེར་སྡེ་ཚན་གྱི་ཆེད་ལས་དང་ལག་བསྟར་ཆོག་པའི་བསམ་འཆར་དང་ཟུང་འབྲེལ་བྱས་ཡོད་པ་རེད།