དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གུང་གསེང་རིང་ཁོང་ཚོས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-08

    དྭངས་གསལ་དུས་ཚིགས་ནི་རང་རྒྱལ་གྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པ་དང་། སྔོ་གསོལ་དང་མེས་པོར་མཆོད་འབུལ་ཞུ་བའི་དུས་ཡིན་ལ། དགའ་ཉེ་སྤུན་མཆེད་མཉམ་འཛོམས་བྱེད་པའི་དུས་བཟང་ཞིག་ཀྱང་ཡིན། འོན་ཀྱང་མི་མང་པོ་ཞིག་ངལ་གསོ་རྒྱག་ཁོམ་མེད་པར་སྔར་བཞིན་འཐབ་ཕྱོགས་དང་པོར་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད།

    རི་བོ་ཆེ་རྫོང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་ཆེད། རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་ཤིང་རྭ་གྲོང་ཚོར་བཅའ་སྡོད་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིའི་ལས་དོན་རུ་ཁག་གི་རུ་དཔོན་ཧྥུའུ་ཙའེ་ཆན་གྱིས་གྲོང་གསེབ་ཀྱི་འཐབ་ཕྱོགས་དང་པོར་ལས་གནས་བརྟན་པོར་བསྲུངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པ་རེད།

    རྒྱུན་གཏན་ལྟར་ཟླ་4ཚེས་4ཉིན་གྱི་ཞོགས་པའི་ཆུ་ཚོད་8པ་ཙམ་ལ། ཧྥུའུ་ཙའེ་ཆན་གྱིས་ཞོགས་ཟས་བཟས་རྗེས་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་བསྐྱོད། གྲོང་མིའི་དོན་དག་ཐག་གཅོད་བྱས་ཟིན་རྗེས་ཉིན་གུང་ལ་སླེབས། ཧྥུའུ་ཙའེ་ཆན་སླར་ཡང་ལོ་60ལྷག་ཙམ་ལ་སླེབས་པའི་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ངག་དབང་ཕུན་ཚོགས་ལ་ལྟ་བར་ཕྱིན།

    ཧྥུའུ་ཙའེ་ཆན་གྱིས་གསར་འགོད་པར་ངག་དབང་ཕུན་ཚོགས་ལ་མཁལ་མའི་ནད་ཕོག་པས་ལོ་དེ་དག་རིང་སྨན་བཅོས་བྱེད་བཞིན་ཡོད། “ངས་རྒྱུན་དུ་འབྲས་དང་། གྲོ་ཞིབ། སྣུམ་སོགས་ཁྱེར་ནས་ཁོང་ལ་ལྟ་བར་འགྲོ་གི་ཡོད་ལ། ཁོང་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱི་ཡོད”ཅེས་བཤད།

    ཤིང་རྭ་གྲོང་ཚོར་རང་བྱུང་གྲོང་ཚོ་ཤིང་རྭ་དང་རྭ་སྒང་གཉིས་ཡོད་པ་དང་ཁྱོན་དུད་ཚང་82དང་མི་གྲངས་539ཡོད་པའི་ནང་། གཞོན་ནུ་དང་དར་མ་194ཡོད་པ་རེད། ཉིན་འདི་གཉིས་ནང་རང་བྱུང་གྲོང་ཚོ་རྭ་སྒང་ལ་ཨར་འདམ་ལམ་སྐྲུན་བཞིན་ཡོད། གྲོང་ཚོའི་གཞོན་ནུ་ངལ་ནུས་ཡོད་མཁན་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱ་ཆེད། ཉིན་དགུང་ཁ་ལག་ཟས་རྗེས་ཧྥུའུ་ཙའེ་ཆན་གྱིས་ཨར་ལས་བྱེད་མཁན་དང་གྲོས་མོལ་བྱས།

    ཤིང་རྭ་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་པ་དང་། གྲོང་ཚོའི་རྩྭ་ཐང་གི་རྒྱ་ཁྱོན་ལ་མུའུ་ཁྲི་3.7ལྷག་ཙམ་ཡོད་པ་མ་ཟད། ཉེ་འགྲམ་གྱི་རི་སྟེང་དུ་ནགས་ཚལ་གྱི་ཐོན་ཁུངས་ཀྱང་འབེལ་པོ་ཡོད། དྭངས་གསལ་དུས་ཚིགས་རིང་། གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ནགས་ཚལ་མེ་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དེ་བས་གལ་འགངས་ཆེ་ཞིང་། ཕྱི་དྲོའི་ཆུ་ཚོད་5པར། ཧྥུའུ་ཙའེ་ཆན་གྱིས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་ནགས་སྲུང་བ་སྒྲིག་འཛུགས་བྱས་ནས་རི་སྐོར་རྒྱག་པ་དང་ཁོང་ཚོ་ཕྱིར་ལོག་སྐབས་ས་ཡང་རུབ་ཀྱི་ཡོད་པ་རེད།

    “ང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་ལས་དོན་དེ་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།

    ངས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་དུས་བདེའི་དྭངས་གསལ་དུས་ཚིགས་རིང་བདེ་འཇགས་ཀྱི་གནས་ཚུལ་མི་ལྷག་པ་བྱས་ནས་གྲོང་མི་ཚོའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་ཧྥུའུ་ཙའེ་ཆན་གྱིས་བཤད།

    དྭངས་གསལ་དུས་ཚིགས་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་མཐོ་གནོན་གློག་སྒྱུར་ས་ཚིགས་ཀྱི་ཉམས་བཟོ་མཁན་གྱི་ངོས་ནས་བརྗོད་ན་གློག་ཤུགས་སྒྲིག་ཆས་སྲུང་སྐྱོང་བྱེད་པའི་དམིགས་བསལ་དུས་སྐབས་ཤིག་རེད། གལ་ཆེའི་ཉིན་མོ་དེར་ཉམས་བཟོ་མཁན་གྱིས་སྒྲིག་ཆས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་པ་ཕུད། ད་དུང་ཉིན་ལྟར་ས་ཚིགས་ཡོངས་ཀྱི་སྒྲིག་ཆས་ལ་དམིགས་བསལ་གྱི་སྐོར་ཞིབ་དང་སྒྲིག་ཆས་ཀྱི་དྲོད་ཚད་འཇལ་དགོས་ཀྱི་ཡོད་པ་རེད།

    གློག་འགན་ལེན་གྱི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱེད་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་མཐོ་གནོན་གློག་སྒྱུར་ས་ཚིགས་ཀྱི་ཉམས་བཟོ་པན་གྱི་པན་ཀྲང་ཚའོ་ཀྲི་ཀོང་གིས་སྔ་སྣུར་དུ་སྒྲིག་ཆས་ལ་ཞིབ་བཤེར་བྱེད་པའི་འཆར་འགོད་དང་གྲ་སྒྲིག་གི་ལས་དོན་ཡག་པོ་བྱས་པ་མ་ཟད། ས་ཚིགས་ཀྱི་སྒྲིག་ཆས་ཚང་མར་ཞིབ་བཤེར་ཞིབ་ཕྲ་བྱས་པ་རེད།

    ཁོང་གིས་ས་ཚིགས་ནང་གི་ལས་མིར“དྭངས་གསལ་དུས་ཚིགས་རིང་གློག་སྲུང་ཇུས་གཞིའི་བླང་བྱ་དང་ཚད་གཞིའི་ལས་དོན་གྱི་གོ་རིམ་ལ་གཞིགས་ནས་ལས་དོན་སྤེལ་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང”ཞེས་མངགས་བཅོལ་བྱས་པ་རེད། གློག་འགན་ལེན་གྱི་དམིགས་བསལ་སྐོར་ཞིབ་དང་། ས་གནས་ས་ཐོག་ཏུ་དོ་དམ་ཚོད་འཛིན། མི་མངོན་པའི་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་སྤེལ་ནས་གློག་ཤུགས་སྒྲིག་ཆས་བདེ་འཇགས་དང་འཁོར་སྐྱོད་བརྟན་པོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

    གུང་གསེང་རིང་འགྲུལ་བཞུད་མང་ཤོས་ཀྱི་དུས་སུ་བོད་ལྗོངས་གཉའ་ནང་རྫོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་ཏེ་འགྲམ་འགག་སྒོ་ནས་བདེ་བླག་ངང་སྒྲོལ་ཐུབ་ཆེད་ཕྱར་བ་གྲུ་འདེགས་བྱས་ཡོད།

    ས་ཚིགས་དེའི་ལས་སྒྲུབ་རུ་ཁག་དང་པོའི་རུ་དཔོན་གཞོན་པ་ཏོན་ཆིའུ་ཡུས་ཀྱིས“གཉའ་ནང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་མཐའ་མཚམས་ཞིབ་བཤེར་གྱི‘གློད་སྡོམ་ཞབས་གསུམ’གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་འགག་སྒོའི་འགག་སྒྲོལ་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། འགག་སྒོ་སྒྲོལ་བ་དང་ཆ་འཕྲིན་བསྡུ་ལེན་གྱི་དུས་འགོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལས་སྒྲུབ་ཉེན་རྟོག་པ་མང་དུ་གཏོང་བ། སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པའི་དཀའ་གནད་སེལ་བ་དང་ཞིབ་བཤེར་ཐབས་ལམ་སྣ་ཚོགས་སྤྱད་དེ་ཀྲུང་གོའི་སྤྱི་དམངས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་རིང་བང་བསྒྲིགས་པའི་དུས་ཚོད་སྐར་མ་30ལས་མི་བརྒལ་བའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག ཉེན་རྟོག་པ་འདང་ངེས་བཀོད་སྒྲིག་བྱས་ནས་འགག་སྒོའི་ས་གནས་ས་ཐོག་གི་འགག་སྒྲོལ་སྒྲིག་ལམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕ་ཡུལ་དུ་ལོག་ནས་མེས་པོར་མཆོད་འབུལ་བྱེད་མཁན་འགྲུལ་པ་རྒྱལ་མཚམས་འཛུལ་སྒྲོལ་ལ་སྟབས་བདེ་བསྐྲུན་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།