དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱིས།

    “དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-07

     གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱུང་བར། དྭངས་གསལ་དུས་ཚིགས་སུ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱིས“དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཏེ། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་མི་སྒྲིག་འཛུགས་ཀྱིས་རྣམ་པ་སྣ་ཚོགས་བརྒྱུད་སྔོན་གཤེགས་དཔའ་བོར་གུས་འདུད་དང་རྗེས་དྲན་ཞུ་བ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བཅས་བྱས་པ་རེད།

    པེ་ཅིང་དུ་རྒྱལ་སའི་ལོ་ཆུང་གདོང་ལེན་སྲུང་གནས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ལོ་ཆུང་གདོང་ལེན་རུ་མི་200ཡིས་ཀྲུང་གོའི་ལོ་ཆུང་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་སྲུང་རེས་བྱས་ཏེ་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད། ཧྲན་ཏུང་དབྱང་ཀུའུ་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གཞོན་ནུ་ལོ་ཆུང་ཚོས་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་400ལྷག་ཙམ་ཡི་གེ་གསལ་དུ་བཏང་ནས་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་དང་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད། ཧྲང་ཧའེ་ལུང་ཧྭ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གཞོན་ནུ་ལོ་ཆུང་གི་འཐུས་མིས་གསར་བརྗེའི་རྣམ་པ་མཚོན་པའི་ཟློས་གར་འཁྲབ་སྟོན་དང་གསར་བརྗེའི་སྙན་ངག་གྱེར་འདོན་བྱས་ནས་མི་དམངས་ཀྱི་དཔའ་བོར་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད།

    ས་གནས་ཁག་གིས་ཚ་ཚ་འུར་འུར་ངང་དྲན་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་གཏམ་རྒྱུད་ཉན་པ་དང་ལག་ལེན་ཉམས་ལེན་གྱི་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་རྒྱུན་ཆད་མེད་པར་འབད་འབུངས་ཡར་བརྩོན་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།

    ཅང་ཤིས་སུ་ལོ་ཆུང་གདོང་ལེན་རུ་ཁག་གིས“སྐེ་དར་དམར་པོ་རྟགས་ཅན”གྱི་མེ་འཁོར་T147ལ་བསྡད་ནས“སྐེ་དར་དམར་པོའི་འབྱུང་གནས”སྟེ། ཕིང་ཤང་གྲོང་ཁྱེར་ཨན་ཡོན་ཆུས་སུ་སྐེ་དར་དམར་པོའི་ཡོང་ཁུངས་འཚོལ་བར་བསྐྱོད་ཅིང་། ཀྲུང་གོའི་ལོ་ཆུང་བྱིས་པའི་ལས་འགུལ་གྱི་ཨན་ཡོན་དྲན་གསོ་ཁང་སོགས་ལ་ལྟ་སྐོར་བྱས་ནས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དང་འགྲེམས་རྫས་བརྒྱུད་གསར་བརྗེའི་ལོ་རྒྱུས་སློབ་སྦྱོང་དང་སྐེ་དར་དམར་པོའི་ཡོང་ཁུངས་ཤེས་རྟོགས་བྱས་པ་རེད། ཀན་སུའུ་རུ་ནུབ་བྱང་དགེ་འོས་སློབ་ཆེན་གྱི་དགེ་སློབ་ཚོས་སྔོན་གཤེགས་དཔའ་བོ་ཁྲེན་ཧུང་ཅུན་ལ་དྲན་གསོ་ཞུ་བའི་མ་རྩོམ་གླུ་གཞས་ཁྱབ་གདལ་བཏང་ནས་གཞོན་ནུ་ཚོར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་དྲ་ཐོག་ནས་མེ་ཏོག་ཕུལ་བ་དང་དུར་ཕྱགས་བྱས་ཏེ་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུས་ཤིང་། ཧེ་ལུང་ཅང་དུ་སྡེ་ཚོགས་ཞིང་ཨུད་ཀྱིས་དྲ་ཐོག་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི་ཆེད་དམིགས་དྲ་ངོས་བཟོས་ཏེ“དྲ་ཐོག་ནས་རྗེས་དྲན་ཞུ་བ”བརྒྱུད་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད། སི་ཁྲོན་དུ་རིམ་ཁག་གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་དབྱི་པིན་གྲོང་ཁྱེར་གྱི་རིག་ལྡན་སྔོན་གཤེགས་དཔའ་བོའི་སྲུང་སྐྱོང་སྒྲིག་བཀོད་ལས་སྟེགས་ཀྱི“སྔོན་གཤེགས་དཔའ་བོར་དུར་ཕྱགས”བྱེད་པ་བརྒྱུད། ལི་ཧྲོའོ་ཤུན་དང་ཀྲའོ་དབྱི་མན་སོགས་སྔོན་གཤེགས་དཔའ་བོར་གུས་འདུད་དང་ངག་བསྡམས་ནས་མྱ་ངན་ཞུས་པ་མ་ཟད། དྲ་ཐོག་གི་གློག་རྡུལ་མེ་ཏོག་སོས་པ་ཕུལ་ནས་དཔའ་བོའི་སྙིང་སྟོབས་སེམས་སུ་འཇགས་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།