དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནམ་མཁའ་གྲོང་ཚོའི་ལོ་རྒྱུས་ཀྱི་འཕོ་འགྱུར།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-06

    འདི་ནི་ཟླ་3ཚེས་14ཉིན་དགའ་གདོང་སྡེ་ཁུལ་གྱི་གྲོང་མི་རྣམ་རྒྱལ(གཡས)གྱིས་ཚ་མོ་བསོད་ནམས་ཆོས་སྒྲོན་ལ་ལག་སྦྲེང་རོལ་ཆ་དཀྲོལ་སྟངས་སློབ་བཞིན་པ།

    འདི་ནི་ཟླ་3ཚེས་14ཉིན་དགའ་གདོང་སྡེ་ཁུལ་གྱི་གྲོང་མི་རྣམ་རྒྱལ་གྱིས་རང་ཁྱིམ་གྱི་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    འདི་ནི་ཟླ་3ཚེས་14ཉིན་དགའ་གདོང་སྡེ་ཁུལ་གྱི་ཕྲུ་གུ་ཚོ་བུ་བཅོལ་ཁང་དུ་རྩེད་མོར་རོལ་བཞིན་པ།

    1959ལོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ནམ་མཁའ་གྲོང་ཚོར(ད་ཆ་སྟོད་ལུང་བདེ་ཆེན་ཆུས་དགའ་གདོང་སྡེ་ཁུལ)བསྐྱོད་དེ། དམངས་གཙོའི་བཅོས་སྒྱུར་བརྒྱུད་མྱོང་བའི“ཞིང་བྲན་གྲོང་ཚོའི”འཚོ་བ་གསར་པར་བཅར་འདྲི་བྱས།

    1991ལོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སླར་ཡང་ནམ་མཁའ་གྲོང་ཚོར་བསྐྱོད་དེ། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ཁྲོད་ནམ་མཁའ་གྲོང་ཚོའི་མི་རྣམས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་སྐོར་བཀོད་ཡོད།

    2024ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་མཚམས་སུ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་སླར་ཡང་དགའ་གདོང་སྡེ་ཁུལ་དུ་བཅར་འདྲི་བྱེད་སྐབས། དུས་རབས་གསར་པའི་དཔྱིད་རླུང་ཁྲོད་དེ་གར“འཕེལ་རྒྱས་མགྱོགས་ཤོས་དུས་སྐབས”ཀྱི་ངོ་མཚར་མུ་མཐུད་གཏོད་བཞིན་པའི་མྱོང་ཚོར་བྱུང་།

    གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད། གྲོང་ཚོ་དེ“ཞིང་བྲན་གྲོང་ཚོ”ནས“ལྟོ་གོས་གཉིས་འཛོམས་ཀྱི་གྲོང་ཚོའི”བར་དང་དེ་རྗེས་ཀྱི“འབྱོར་འབྲིང་གྲོང་ཚོའི”བར་གྱི་མཆོང་སྐྱོད་ལ་དཔང་པོ་བྱས་ཡོད། ད་ཆ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་གསར་པར་གྲོང་མི་ཚོས་གྲོང་གསེབ་དར་རྒྱས་དང་ཐུན་མོང་འབྱོར་ཕྱུག་གི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།