དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཀའ་སྡུག་དང་བདེ་སྐྱིད། བོད་ཀྱི་ཡར་ལངས་ཞིང་བྲན་ཡེ་ཤེས་བསམ་གྲུབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-06

    འདི་ནི་ཡེ་ཤེས་བསམ་གྲུབ་ཀྱི་འདྲ་པར་ཡིན་པ།

    འདི་ནི་2023ལོའི་བོད་ཀྱི་ལོ་གསར་རིང་ཡེ་ཤེས་བསམ་གྲུབ་(དཀྱིལ)དང་ནང་མི་ཚོའི་མཉམ་པར་ཡིན་པ།

    ཡེ་ཤེས་བསམ་གྲུབ་1936ལོར་སྐྱེས་པ་དང་འདི་ལོ་ལོ་88ལ་སླེབས་ཀྱི་ཡོད།

    བགྲེས་སོང་ཁོང་གི་དྲན་འཆར་ཡོད་ཚད་ནི་ཆུང་དུས་ཞིང་བྲན་བདག་པོར་ལྕི་བ་སྒྲུག་རོགས་བྱེད་པའི་རྣམ་པ་དེ་ཡིན་མོད། འོན་ཀྱང་ཐོབ་ཆ་ནི་རྩམ་པ་ཕྲན་བུ་ཙམ་ལས་མེད་པས་དེ་ནི་ཡུད་ཙམ་ལ་རྫོགས་ཀྱི་ཡོད།

    “ཤ་ཟ་རྒྱུ་ཡོད་དམ”ཞེས་འདྲི་སྐབས། བགྲེས་སོང་ཁོང་གད་མོ་ཤོར། “ཤ་ཟ་རྒྱུ་ག་ལ་ཡོད། ཞིང་བྲན་བདག་པོས་གཡུག་པའི་རུས་པ་ཙམ་ཡང་ང་ཚོས་ཁྱི་དང་མཉམ་དུ་ཧབ་ཐོབ་རྒྱག་གི་ཡོད”རུས་པ་རྫོག་ནས་རྐང་མར་ཟ་རྒྱུ་བྱུང་བ་དེ་ཡང་སྐབས་དེ་དུས་ཐོབ་དཀའ་བའི་ལྟོ་ཆས་རྒྱས་ཤོས་རེད། “ཉིན་མོ་དུད་འགྲོ་ལྟར་ལས་ཀ་བྱེད་དགོས་པ་དང་། མཚན་མོ་ཁྱི་དང་འདྲ་བར་ཁྱིམ་སྲུང་དགོས”ཞེས་བགྲེས་སེང་གིས་སྐྱོ་སྣང་དང་བཅས་བརྗོད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པས། ཡེ་ཤེས་བསམ་གྲུབ་གཞི་ནས“སྐད་ཆ་ཤོད་ཤེས་པའི་སྲོག་ཆགས”ནས་མི་ངོ་མར་གྱུར།

    ཁོང་གི་ཁྱིམ་ལ་ས་ཞིང་མུའུ་30དང་། ཁང་པ་དང་ནོར་ལུག་བགོ་བཤའ་རག་པ་དང་། “བགོ་བཤའ་བརྒྱབ་ནས་རག་པའི་ཁ་གདན་དེ་གྱོན་ནས་ཉལ་སྐབས་ཀྱང་སེམས་ནང་དེ་ཉིད་སོ་སོའི་མིན་པ་ལྟར་གྱི་ཚོར་སྣང་ཡོང་གི་འདུག”ཅེས་བགྲེས་སོང་གིས་དྲན་གསོ་བྱེད་བཞིན་བརྗོད།

    ད་ཆ་ཡེ་ཤེས་བསམ་གྲུབ་ཀྱི་ཁྱིམ་ལ་ཕྲུ་གུ་དང་ཚ་བོ་ཚ་མོ་བཅས་ཁྱོན་མི་གྲངས་30ལྷག་ཙམ་ཡོད། མི་རབས་བཞི་འཛོམས་ཀྱི་ཡེ་ཤེས་བསམ་གྲུབ་ལ་ལྟོ་གོས་ཐད་སེམས་ཁྲལ་མེད་ལ་འཚོ་བ་ཡང་ཧ་ཅང་ཡག་པོ་ཡོད། “གྲོང་ཚོའི་ནང་ཚང་མས་ང་ཚོའི་གྲོང་ཚོའི་རྣམ་པ་ལྷ་ས་དང་འདྲ་པོ་ཆགས་ཀྱི་རེད་་ཅེས་ཤོད་ཀྱི་འདུག” བགྲེས་སོང་ཁོང་གིས་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།