དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཨ་མཉམ་ལས་ལ་བརྟེན་ནས་གྲུ་ཁའི་གྲངས་འཛིན་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-06

    འདི་ནི་མི་མེད་དོས་སྒམ་སྐྱེལ་འདྲེན་རླངས་འཁོར་གྱིས་ལས་ཀ་བྱེད་བཞིན་པ།

    ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་གྲུ་ཁ་ཨབ་ཀྲ་པེ་གྲུ་ཁ་དེ་ཨབ་ཀྲ་པེའི་ཧ་ལི་ཧྥ་གྲུ་ཁར་གནས་པ་དང་དེ་ནི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་རང་འགུལ་ཅན་གྱི་ཚད་གཞི་མཐོ་ཤོས་ཀྱི་གྲུ་ཁ་ཞིག་ཡིན་ཞིང་། ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་གྲུ་ཁ་དང་ཨབ་ཀྲ་པེ་གྲུ་ཁ་ལས་དོན་ཅུས་ཀྱིས་མ་རྩ་མཉམ་བསྡུས་བྱས་ཏེ་གཉེར་སྐྱོང་བྱེད་པ་ཞིག་རེད། 2018ལོའི་ཟླ་12པར་གྲུ་ཁ་སྤྱོད་འགོ་ཚུགས་པ་དང་ལོར་སྐྱེལ་འདྲེན་བྱེད་ནུས་ཚད་ལྡན་སྒམ་ཁྲི་250ལ་ཇུས་འགོད་བྱས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་གྲུ་ཁ་ཨབ་ཀྲ་པེ་གྲུ་ཁར་གྲུ་ཁའི་ལས་སྒྲུབ་མ་ལག་དང་། མཚོ་ངོགས་ཀྱི་ཟམ་པའི་རིག་ནུས་དངོས་ཟོག་དོ་དམ་མ་ལག སྒྲིག་ཆས་ཚོད་འཛིན་མ་ལག འཁོར་ཐོག་ལས་ཀའི་བཀའ་རྒྱའི་མཐའ་སྣེའི་མ་ལག་སོགས་ཚུད་པའི་གྲངས་འཛིན་ཅན་དང་རང་འགུལ་ཅན་གྱི་རྣམ་གྲངས་ཆེ་གྲས་བཅུ་བཙུགས་པ་དང་ལག་ལེན་བསྟར་བ་དེས་གྲུ་ཁ་གཉེར་སྐྱོང་གི་ཐོན་སྐྱེད་ནུས་ཤུགས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་ཀྱིས་གྲུ་ཁའི་གྲངས་འཛིན་རིག་ནུས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། ཨ་ཀྲུང་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།