དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་གྲངས་འཛིན་སློབ་གསོ་འདུས་གྲུབ་ཅན་དང་། རིག་ནུས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ།

    ​གྲངས་འཛིན་སློབ་གསོར་ཐོད་བརྒལ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-06

    “སློབ་གྲོགས་ཚོ། དེ་གོང་ཚང་མས《ཕྲུ་གུ་བརྒྱའི་ཀྲུང་གོའི་ཕུགས་འདུན》ཞེས་པ་བཀླགས་ཟིན། དེ་རིང་ང་ཚོས་དཔེ་དེབ་དེ་བཀླགས་པའི་བསམ་ཚུལ་གླེང་རྒྱུ་ཡིན” པེ་ཅིང་ཚོད་ལྟའི་སློབ་ཆུང་གཉིས་པའི་དཔེ་ཀློག་སློབ་ཚན་དུ་དགེ་རྒན་གྱིས་ཕྲུ་གུ་ཚོའི་སྣེ་ཁྲིད་དེ་སེམས་དབུས་ཀྱི་ཀྲུང་གོའི་ཕུགས་འདུན་སྐོར་བགྲོ་གླེང་བྱས་པ་རེད། དེ་དང་ཆབས་ཅིག ལེ་དབར་སྟོང་གི་སར་ཡོད་པའི་སློབ་གྲྭ་དེའི་ལན་ཀྲོའུ་ཡན་ལག་སློབ་གྲྭའི་སློབ་མ་ཚོས་ཀྱང་དྲ་ཐོག་གི་བགྲོ་གླེང་སྤེལ་རེས་ལ་ཞུགས་པས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

    འདི་ནི་སློབ་གསོ་པུས་ཉིན་ཤས་གོང་གཉེར་བའི་གྲངས་འཛིན་སློབ་གསོ་འདུས་གྲུབ་ཅན་དང་། རིག་ནུས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆེད་དོན་བྱ་སྤྱོད་དང“ལེགས་གཏོང་སྤུས་མཐོ་ལོའི”འགོ་ཚུགས་མཛད་སྒོར་འཚོགས་པའི་ཡོངས་བསྒྲགས་ཀྱི་སློབ་ཚན་ཞིག་རེད། མཛད་སྒོའི་ཐོག“སློབ་ཚན་ཡག་པོ་ཞིག་མཉམ་དུ་འཚོག་པ་དང་དཔེ་དེབ་ཡག་པོ་ཞིག་མཉམ་དུ་ཀློག་པའི”བྱེད་སྒོ་དང་། མི་ཐབས་རིག་ནུས་ནུས་སྤྲོད་སློབ་གསོའི་བྱ་སྤྱོད། སློབ་གསོའི་ཁོངས་གཏོགས་ཀྱི་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེ་མོའི་བཀོལ་སྤྱོད་དཔེ་སྟོན་བྱ་སྤྱོད་བཅས་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་མ་ཟད། “དྲ་ཐོག་སློབ་ཁྲིད་ཞིབ་འཇུག”ལེ་ཚན་དང“AIསློབ་སྦྱོང”ཆེད་སྒྲིག་ལེ་ཚན་རྒྱལ་ཁབ་ཀྱི་རིག་ལྡན་སློབ་གསོའི་ལས་སྟེགས་ཐོག་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་སྐྲུན་པར་དམིགས་ཏེ། 2022ལོའི་ཟླ་5པར་ཚེ་གང་སློབ་གསོའི་ལས་སྟེགས་བཙུགས་པ་ནས་བཟུང་། རྒྱལ་ཁབ་དང་ས་ཁུལ་ཁག་200ནས་ཡོང་བའི་ཚེ་གང་སློབ་སྦྱོང་བྱེད་མཁན་ཁྱོན་མི་ཐེངས་ཁྲི་6000ཙམ་ལ་ཞབས་འདེགས་ཞུས་པ་དང་། ཐོན་ཁུངས་ཁྲི་103ལྷག་ཙམ་བསྡུ་རུབ་བྱས་པ། རིམ་རྩིས་བྱས་ན་སྤྱོད་མཁན་གྱི་སློབ་སྦྱོང་བྱེད་ཡུན་ཆུ་ཚོད་ཁྲི་110དང་ཐོ་འགོད་བྱེད་མཁན་ཁྲི་680ཙམ་ཟིན་ཡོད་པ་རེད།

    “སློབ་གསོ་གྲངས་འཛིན་ཅན་གྱི་འཐབ་ཇུས་བྱ་སྤྱོད་ལོ་གསུམ་པར་སླེབས་དུས་འདུས་གྲུབ་ཅན་དང་། རིག་ནུས་ཅན། རྒྱལ་སྤྱི་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུ་རེད” སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་རྒྱལ་ཁབ་ཀྱི་ལས་སྟེགས་བེད་སྤྱོད་གཏིང་ཟབ་དང་། སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་། མི་ཐབས་རིག་ནུས་ནུས་སྤྲོད་སློབ་གསོ་སོགས་ཀྱི་ཐད་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ནས། རང་རྒྱལ་གྱི་གྲངས་འཛིན་སློབ་གསོར་ཐོད་བརྒལ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།