དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཨ་ཅེ་ལྷ་མོའི་ན་གཞོན་ཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-06

    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པའི་ལྷ་མོ་ཉིད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་ཡོད། ད་ཆ། བོད་ཀྱི་གྲོང་ཚོ་དང་སློབ་གྲྭ་འབྲིང་ཆུང་མང་པོར་ལྷ་མོའི་འཁྲབ་སྟོན་རུ་ཁག་དང་ལྷ་མོའི་དགའ་མོས་འཛིན་གྲྭ་བཙུགས་ཡོད་པས་ལྷ་མོ་སྦྱོང་བ་དང་། ལྷ་མོར་དགའ་བ། ལྷ་མོ་རྒྱུན་འཛིན་བཅས་བྱེད་མཁན་ན་གཞོན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྲིད་གཞུང་དང་དམངས་ཁྲོད་ཀྱི་ཐུན་མོང་འབད་བརྩོན་འོག་ལྷ་མོ་འདི་ཉིད་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་གར་སྟེགས་ཐོག་སྐྱོད་བཞིན་ཡོད།

    ལྷ་མོའི་རྒྱུན་འཛིན་གསར་པ། ན་གཞོན་ཚོའི་རྒྱུན་འཁྱོངས་དང་ཕུགས་འདུན།

    ཕྲུ་གུ་མང་པོ་ཞིག་གིས་རོལ་ཆ་ཀང་ཆིན་དང་ཆུ་རྐྱལ་སོགས་ལ་དགའ་པོ་བྱེད་སྐབས། ལོ་13ལ་སླེབས་པའི་བསྟན་འཛིན་དོན་ལྡན་གྱིས་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི“ཨ་ཅེ་ལྷ་མོར”དུང་ཞེན་དྲག་པོ་སྐྱེས།

    གཟའ་སྤེན་པ་སླེབས་རིམ་བཞིན་བསྟན་འཛིན་དོན་ལྡན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཡོང་ནས་བློ་རྩེ་གཅིག་སྒྲིམ་ངང་རྣམ་ཐར་གྱི་འགྱུར་ཁུག་དང་ལྷ་མོའི་འཁྲབ་རྩལ་ཆུ་ཚོད་གཉིས་དང་ཕྱེད་ཀ་སྦྱོང་གི་ཡོད།

    2023ལོར་བསྟན་འཛིན་དོན་ལྡན་དང་ལོ་11ལ་སླེབས་པའི་འཆི་མེད་སྒྲོལ་དཀར་གྱིས་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེ་གྲས་བརྒྱད་ཀྱི་གྲས་ཤིག་ཡིན་པའི《གཅུང་པོ་དོན་ཡོད་དོན་གྲུབ》ཀྱི་འཁྲབ་སྟོན་ནང་ཞུགས་པས་བོད་ཀྱི་ལོ་ཆུང་བྱིས་པའི་གར་སྟེགས་ལྷ་མོ་དང་པོར་གྱུར།

    འཆི་མེད་སྒྲོལ་དཀར་གྱིས་ལོ་4ནས་བཟུང་ལྷ་མོ་སྦྱངས་པ་དང་འཁྲབ་ཚན་ནང་ཨ་ཅེ་ལྷ་མོ་དང་ཤྭ་བ་འཁྲབ་ཀྱི་ཡོད། བསྟན་འཛིན་དོན་ལྡན་གྱིས་རྔོན་པ་འཁྲབ་པ་དང་དེ་ནི་ཁོང་གིས་དེ་སྔ་ཚོད་ལྟ་བྱེད་མྱོང་བའི་འགྲན་སློང་ཆེ་ཤོས་དང་ཆེས་དགའ་ཤོས་ཀྱི་འཁྲབ་བྱའི་མི་སྣ་ཞིག་རེད།

    འཁྲབ་ཚན་གཞན་ཞིག《གཟུགས་ཀྱི་ཉི་མ། ཆུ་ལེན》ཞེས་པའི་ནང་འཆི་མེད་སྒྲོལ་དཀར་དང་བསྟན་འཛིན་དོན་ལྡན་གཉིས་ཀྱིས་སླར་ཡང་མཉམ་ལས་བྱས་ནས་ཨ་ཅེ་ལྷ་མོ་དང་རྔོན་པ་འཁྲབ་ཡོད། ཁོང་ཚོས་ལྷ་མོའི་འཁྲབ་ཆས་གྱོན་ནས། རྫིག་ཉམས་དོད་པའི་རྔོན་པ་དང་ལྡེམ་ཞིང་འཁྱུག་པའི་ཨ་ཅེ་ལྷ་མོ་འཁྲབ་ཡོད།

    ཉེ་ཆར། འཁྲབ་ཚན་དེ་སི་ཁྲོན་གྱི་ཟློས་གར་དང་། ཅིང་ཅུས་ཟློས་གར། ཧོང་མེ་ཟློས་གར་སོགས་འཁྲབ་ཚན་100ལྷག་ཙམ་ནང་ནས་འབུར་དུ་ཐོན་ཏེ་འཁྲབ་སྟོན་པ་ཆུང་ཆུང་གཉིས་ལ་སྐབས་27པའི་ཀྲུང་གོའི་ལོ་ཆུང་བྱིས་པའི་ཁྲང་ཞིའི་དཔྱིད་འགོའི་མེ་ཏོག་ཆུང་ངུའི་འདུ་ཚོགས་ཀྱི“དཔྱིད་འགོའི་མེ་ཏོག་ཆུང་ངུའི”བྱ་དགའ་ཐོབ་པ་རེད།

    བསྟན་འཛིན་དོན་ལྡན་དང་ཁོང་གི་གྲོགས་པོ་ཆུང་ཆུང་ཚོར་ད་ཆ་འཁྲབ་སྟོན་གྱི་གོ་སྐབས་དེ་བས་མང་བ་ཐོབ་ཡོད། ལྷ་སའི་ཞོ་སྟོན་ཕུད་ཁོང་ཚོས་ད་དུང་བོད་ཀྱི་ལོ་གསར་དང་། འཛམ་གླིང་དཔེ་དེབ་ཉིན་མོ། རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་སོགས་སུ་ལྷ་མོ་འཁྲབ་ཀྱི་ཡོད། ཁོང་ཚོའི་འཁྲབ་སྟོན་ཡང་ཁྱུག་དབྱིངས་དང་སྐད་འཕྲིན་སོགས་དྲ་སྦྲེལ་ལས་སྟེགས་བརྒྱུད་ས་ཕྱོགས་གང་སར་ཁྱབ་ཡོད།

    2005ལོར་བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པ་དང་། ལོ་གཅིག་གི་རྗེས་སུ་ལྷ་མོ་འདི་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་བཅུག་ཡོད།

    བོད་དུ་སློབ་གྲྭ་མང་པོས་ལྷ་མོའི་དགའ་མོས་འཛིན་གྲྭ་བཙུགས་ཡོད་པ་དང་། ལྷ་མོ་འདི་ཉིད་ཁྲང་ཞི་དང་འདྲ་བར་སློབ་གྲྭར་ཁྱབ་གདལ་འགྲོ་བཞིན་པ་མཐོང་སྐབས་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་རྒན་པ་སངས་ལགས་ཧ་ཅང་དགའ་པོ་བྱུང་ཡོད།

    གནའ་ཉམས་དེང་སྲོལ། ལྷ་མོ་ཉིད་གྲོང་ཁྱེར་གྱི་འཕེལ་རིམ་ཁྲོད་འཕེལ་རྒྱས་འགྲོ་བ།

    2015ལོར། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་རིན་མེད་ངང་ལྷ་མོའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་ནས་ད་བར་རིམ་རྩིས་བྱས་ན་བསྟན་འཛིན་དོན་ལྡན་ལྟ་བུའི་སློབ་མ་200ཙམ་གསོ་སྐྱོང་བྱས་ཡོད།

    ལོ་དེར་བསླབ་པ་རྒན་གྲས་ལོ་63ལ་སླེབས་པའི་པ་སངས་དང་ལོ་64ལ་སླེབས་པའི་བུ་ཆུང་གཉིས་མང་ཚོགས་སྒྱུ་རྩལ་ཁང་གིས་མཛུབ་ཁྲིད་དགེ་རྒན་ལ་གདན་དྲངས་པ་རེད།

    “ངེད་གཉིས་ཀྱིས་ཁ་གཏད་ཀྱི་འཁྲབ་སྟོན་བྱེད་ཀྱི་ཡོད། ཁོང་གིས《འུན་ཤིང་ཀོང་ཇོའི》ནང་གི་འུན་ཤིང་ཀོང་ཇོ་དང་ངས་སྲོང་བཙན་སྒམ་པོ་འཁྲབ་ཀྱི་ཡོད”ཅེས་བུ་ཆུང་གིས་བཤད། དེ་སྔ་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་མཉམ་དུ་འཁྲབ་སྟོན་བྱེད་མྱོང་བའི་ལས་རོགས་རྒན་གྲས་ཚོས་ཁོང་ཚོའི་བློ་གྲོས་དང་ཉམས་མྱོང་ལ་བརྟེན་ནས་ཕྲུ་གུ་ཚོར་ལྷ་མོ་རྒྱུན་འཛིན་གྱི་ལམ་བུ་བཏོད་ཡོད།

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་ཞིག་ཡོད། སྲོལ་རྒྱུན་ལྟར་ན་ལྷ་མོ་འཁྲབ་ས་མང་ཆེ་བ་གྲོང་གསེབ་ཀྱི་གཡུལ་ཁ་དང་འབྲོག་རའམ་གླིང་ཁ་སོགས་ཡིན་པ་དང་། འཁྲབ་རས་དང་གློག་འོད་སོགས་མི་དགོས་པར། སྦུག་ཆལ་གཅིག་དང་རྔ་གཅིག་གིས་རོལ་མོ་དཀྲོལ་ནས་ལྷ་མོའི་འཁྲབ་གཞུང་གཅིག་ཉིན་ཁ་ཤས་འཁྲབ་ཀྱི་ཡོད།

    འོན་ཀྱང་ལྷ་མོ་ཡག་པོ་སྦྱོང་རྒྱུ་དེ་ལས་སླ་པོ་ག་ལ་ཡིན། “ལྷ་མོ་ཡག་པོ་ཞིག་འཁྲབ་བསམས་ན། གླུ་གར་འཁྲབ་སྟོན་པའི་འཁྲབ་རྩལ་དང་། གཞས་པ་གཞས་མའི་སྐད་གདངས། ཞབས་བྲོ་བའི་གཟུགས་པོའི་བྱང་ཚད་སོགས་ཀྱི་ཆ་རྐྱེན་མང་དག་ཅིག་འཛོམས་དགོས”ཅེས་པ་སངས་ཀྱིས་བཤད།

    རིག་གནས་ཀྱི་ཕོ་ཉ། ལྷ་མོ་འདི་ཉིད་འཛམ་གླིང་གི་གར་སྟེགས་ཐོག་བསྐྱོད་པ།

    ལྷ་མོ་དང་། ཐང་ག བོད་ཟས་བཅས་མཚོན་བྱེད་དུ་བྱེད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་མཚོན་རྟགས་ཀྱིས་མི་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད་ལ། ཁོང་ཚོས་ཀྱང་གཞི་རྒྱུ་དེ་དག་དེ་བས་རྒྱ་ཆེ་བའི་འཛམ་གླིང་ལ་ངོམ་སྟོན་བྱེད་ཀྱི་ཡོད། 2023ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5500ལྷག་ཙམ་བོད་དུ་ཡུལ་སྐོར་ལ་སླེབས་ཡོད།

    ལྷ་ས་ནས་བར་ཐག་སྤྱི་ལེ་160ལྷག་ཙམ་ཡོད་པའི་ལྷོ་ཁ་གྲོང་ཁྱེར་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་མིར་ལྷ་མོར་བརྟེན་ནས་དཔལ་འབྱོར་གྱི་ཡོང་འབབ་དང་རེ་བ་སྦྱིན་ཡོད། ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོའི་འབྱུང་ཁུངས་དེ་གར་ཡིན་ལ། འཕེལ་རྒྱས་དང་རྒྱུན་འཛིན་ཡང་ཐུབ་པས། གནས་འདིར“ལྷ་མོའི་གྲོང་ཚོ་དང་པོ”ཞེས་འབོད་ཀྱི་ཡོད། ན་ནིང་སྡེ་ཁུལ་གྱིས་ཡུལ་སྐོར་བ་ཁྲི་1.6ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་185ལྷག་ཙམ་བྱུང་ཡོད།

    ལོ་50ལྷག་ཙམ་ལ་སླེབས་པའི་ཉི་མ་ཚེ་རིང་ནི་ས་གནས་དེ་གའི་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་ཚོགས་པའི་དགེ་རྒན་ཞིག་ཡིན་པ་དང་། ལྷ་མོ་ཚོགས་པར་ཁྱོན་འཁྲབ་སྟོན་པ་30ལྷག་ཙམ་ཡོད། ན་གཞོན་ཚོའི་ཡིད་དབང་འགུག་པ་དང་སེམས་གནས་ཐུབ་པར་བྱ་རྒྱུ་ནི་ལྷ་མོ་དང་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གཞན་དག་ལ་འཕྲད་པའི་དཀའ་གནད་ཅིག་ཡིན་མོད། འོན་ཀྱང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་ལྷ་མོའི་རྒྱུན་འཛིན་པ་ཁོང་གིས་བློས་གཏན་ནས་གཏོང་མྱོང་མེད།

    ཁོང་གིས་རྒྱལ་ནང་གི་གྲོང་ཁྱེར་དེ་བས་མང་བར་ལྷ་མོའི་ཉམས་འགྱུར་མངོན་པའི་རེ་བ་བྱེད་པ་མ་ཟད། ད་དུང་ཕུགས་འདུན་ཆེན་པོ་ཞིག་ཀྱང་ཡོད་པ་སྟེ། ལྷ་མོ་འདི་ཉིད་འཛམ་གླིང་ས་གནས་ཁག་ཏུ་ངོམ་སྟོན་བྱེད་ཐུབ་པའི་རེ་བ་བཅངས་ཀྱི་ཡོད། “ང་ཚོའི་རིག་གནས་སྔ་བར་ཕྱི་གསུམ་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད་པ་འཛམ་གླིང་ཡོངས་ཀྱིས་ཤེས་སུ་འཇུག་གི་ཡིན”ཞེས་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷོ་མོ་ཚོགས་པའི་ངག་དབང་ནོར་བུས་བཤད།

    དོན་དངོས་ཐོག་ལྷ་མོ་འདི་ཉིད་སྔ་ས་ནས་འཛམ་གླིང་གི་གར་སྟེགས་ཐོག་བསྐྱོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།