དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་རྒྱང་བསྟེན་སྨན་བཅོས་དྲ་རྒྱ་བཙུགས་ནས“ནད་ཆེན་ལྟ་དཀའ་བའི”མང་ཚོགས་ཀྱི་གནད་དོན་ཞི་ལྷོད་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-06

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་སྨན་བཅོས་སྒྲིག་གཞི་90%ཡི་རྒྱང་བསྟེན་སྨན་བཅོས་མ་ལག་གི་མཁྲེགས་ཆས་སྒྲིག་སྦྱོར་དང་སྙོམ་སྒྲིག་ཚོད་ལྟའི་ལས་དོན་ལེགས་གྲུབ་ཟིན་ཞིང་། མིག་སྔར་མཉེན་ཆས་སྙོམ་སྒྲིག་ཚོད་ལྟ་དང་སྨན་ཁང་གི་ཆ་འཕྲིན་མ་ལག་གི་མཐུད་ཁ་སྒྱུར་བཀོད་དང་སྦྲེལ་མཐུད་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད། རྣམ་གྲངས་སྐྲུན་མཇུག་འགྲིལ་རྗེས། རྒྱང་བསྟེན་སྨན་བཅོས་ཞབས་ཞུ་རང་སྐྱོང་ལྗོངས་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་6དང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་20 རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་137 ཤང་དང་གྲོང་རྡལ་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་690བཅས་སུ་ཁྱབ་ནས“ནད་ཆེན་བསྟེན་དཀའ་བའི”གཞི་རིམ་མང་ཚོགས་ཀྱི་གནད་དོན་ཞི་ལྷོད་དུ་སོང་སྟེ་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཐུབ་རྒྱུ་རེད།

    རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུ་ནི་བོད་ཀྱི“དྲ་སྦྲེལ་དང་སྨན་བཅོས་བདེ་ཐང་ཟུང་དུ་འབྲེལ་བའི”གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། འདི་ལོ་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་1.67བཏང་ནས་རྒྱང་བསྟེན་སྨན་བཅོས་མཉམ་འདུས་ནད་དཔྱད་ཁང་མཛེས་བཟོ་དང་། སྒྲིག་ཆས་སྒྲིག་སྦྱོར། མཉེན་ཆས་ཚད་ལེན་ཚོད་ལྟ་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་རེད། རྣམ་གྲངས་དེ་ལས་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་སྐྱོང་དང་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མགྱོགས་མྱུར་གཤམ་སྤྲོད་བྱས་ནས་ལྗོངས་ཡོངས་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།

    རྒྱང་བསྟེན་ནད་བརྟག་སྨན་བཅོས་ཀྱིས་སྨན་བཅོས་ཀྱི་ལྷུ་ཚིགས་སྟབས་བདེ་རུ་གཏོང་བ་དང་སྤུས་ལེགས་སྨན་བཅོས་ཀྱི་ཞབས་འདེགས་ཞུ་ཡུལ་རྒྱ་ཆེར་བཏང་སྟེ། མི་སེར་ཚོར་ཁྱིམ་གྱི་སྒོ་རྩ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་རེད། འདི་ལོའི་ཟླ་2པར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒྲ་འདས་གསོ་རིག་ཚན་ཁག་གི་སྨན་པས་5Gལག་རྩལ་བརྒྱུད། རྒྱང་བསྟེན་བཀོལ་སྤྱོད་འཕྲུལ་ལག་ལ་བརྟེན་ནས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་མི་དམངས་སྨན་ཁང་གི་ནད་པར་ནད་བརྟག་སྨན་བཅོས་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་སྨན་བཅོས་ཇུས་གཞི་ཡང་བཏོན་ཡོད། སྨན་བཅོས་བྱེད་ཡུན་ཧྲིལ་པོར་སྐར་མ་10ཙམ་ལས་འགོར་གྱི་མེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་ལས་སྟེགས་ལ་ད་དུང་དྲ་སྦྲེལ་གཞི་རྟེན་དུ་བྱས་པའི་རྒྱང་ཁྲིད་སློབ་གསོ་དང་། རྒྱང་བསྟེན་སྨན་པ་སྔོན་མངགས། ཕྱོགས་གཉིས་དབར་སྨན་ཁང་སྒྱུར་བ་སོགས་ཀྱི་བྱེད་ནུས་10ལྷག་ཙམ་ཡོད་པས་བོད་ཀྱི་སྤྱི་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།