དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་དྲ་ཐོག་སྒོ་དབྱེའི་སློབ་ཚན་ཁྲི་7.68ཡན་ཟིན་པ།

    རྒྱལ་ནང་གི་མི་ཐེངས་དུང་ཕྱུར་12.77གྱི་སློབ་སྦྱོང་ལ་ཞབས་འདེགས་ཞུ་ཡི་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-05

    གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་དྲ་ཐོག་སྒོ་དབྱེའི་སློབ་ཚན་ཁྲི་7.68ཡན་ཟིན་པ་དང་། དེ་དག་ལ་ཐོ་འགོད་བྱེད་མཁན་དུང་ཕྱུར་4.54ཟིན་ནས་རྒྱལ་ནང་གི་མི་ཐེངས་དུང་ཕྱུར་12.77གྱི་སློབ་སྦྱོང་ལ་ཞབས་འདེགས་ཞུ་ཡི་ཡོད་པས་རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་དྲ་ཐོག་སྒོ་དབྱེའི་སློབ་ཚན་འཛུགས་སྐྱོང་དང་བཀོལ་སྤྱོད་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

    སློབ་ཚན་གྱི་ཐོན་ཁུངས་རྒྱུན་མཐུད་འཕར་སྣོན་བྱུང་ཞིང་། རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་རིག་ལྡན་སློབ་གསོའི་ལས་སྟེགས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ནས་མཐོ་རིམ་སློབ་གསོའི་སྤུས་ལེགས་ཀྱི་གཞི་ཁྱོན་ཆེ་བའི་དྲ་ཐོག་སྒོ་དབྱེའི་སློབ་ཚན་ཁྲི་2.7གཅིག་སྡུད་བྱས་པ་དེ་དངོས་གཞིའི་ཚན་ཁག་གི་རིག་ཚན་རིགས་12དང་ཆེད་ལས་རིགས་93ལ་ཁྱབ་ཡོད། ལས་སྟེགས་རིམ་སྤོར་རིམ་འཇུག་ཐེངས་5བྱས་ཏེ། རྒྱལ་ཁབ་ཀྱི་རིག་ལྡན་སློབ་གསོའི་དཔེ་ཀློག་ལས་སྟེགས་ནང་ཞུགས་པ་དང་ཀོང་ཤིས་དང་། ཡུན་ནན། ཀན་སུའུ་སོགས་ཞིང་ཆེན་རིམ་པའི་རིག་ལྡན་སློབ་གསོའི་ལས་སྟེགས་3དང་སྦྲེལ་མཐུད་བྱས་ཏེ“རིག་ལྡན་སློབ་གསོའི”APPགསར་སྤེལ་བྱས་ཡོད། 2023ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་ལས་སྟེགས་སུ་ཐོ་འགོད་མཁན་དུང་ཕྱུར་1ལྷག་ཟིན་པ་དང་། དྲ་ཚུགས་ནང་འཛུལ་མཁན་ཐེངས་དུང་ཕྱུར་367ཡན་ཟིན་པ། ལྟ་འདྲི་བྱེད་མཁན་མི་ཐེངས་དུང་ཕྱུར་25ཟིན་ཡོད་པ་རེད།

    གཞི་ཁྱོན་ཆེ་བའི་དྲ་ཐོག་སྒོ་དབྱེའི་སློབ་ཚན་ནུབ་རྒྱུད་ས་ཁུལ་ལ་ཁྱབ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། ཤར་རྒྱུད་ཀྱི་དགེ་རྒན་དང་ལག་རྩལ་གྱི་ལེགས་ཆ་སྤྱད་དེ་སྤུས་ལེགས་ཀྱི་ཐོན་ཁུངས་ནུབ་རྒྱུད་ཀྱི་སློབ་ཆེན་དུ་ཁྱབ་པར་བྱས་ཡོད། 2023ལོའི་ཟླ་9པའི་ཟླ་མཇུག་བར་ནུབ་རྒྱུད་མཐོ་སློབ་ལ་ཁ་ཕྱོགས་པའི་གཞི་ཁྱོན་ཆེ་བའི་དྲ་ཐོག་སྒོ་དབྱེའི་སློབ་ཚན་ཁྲི་19.84དང་དེ་བཞིན་གཏན་འཁེལ་རྣམ་པའི་སློབ་ཚན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས་ནུབ་རྒྱུད་ས་ཁུལ་གྱི་མཐོ་སློབ་ཀྱིས་གཞི་ཁྱོན་ཆེ་བའི་དྲ་ཐོག་སྒོ་དབྱེའི་སློབ་ཚན་གྱི་བཀོལ་སྤྱོད་གསོ་སྦྱོང་ཐེངས་ཁྲི་2.51ནང་ཞུགས་པར་ཞུགས་མཁན་མི་ཐེངས་ཁྲི་189.38ཟིན་ཡོད་པ་རེད།

    རྒྱལ་སྤྱིའི་སྤེལ་རེས་རྒྱུན་མཐུད་སྤེལ་ཞིང་། མིག་སྔའི་བར“སློབ་ཚན་ལ་དགའ་བ”དང“སློབ་ཚན་དྲ་ཐོག་ནས་འཚོགས་པའི”དྲ་ཐོག་སློབ་ཁྲིད་ཀྱི་རྒྱལ་སྤྱིའི་ལས་སྟེགས་གཉིས་ཀྱིས་འཛམ་གླིང་ཡོངས་ཀྱི་སློབ་ཆེན་སློབ་མ་དང་སྤྱི་ཚོགས་ཐོག་གི་སློབ་སྦྱོང་བྱེད་མཁན་ཚོར་སྣ་ཁ་མང་བ་དང་སྐད་རིགས་མང་བའི་རྒྱལ་སྤྱིའི་སློབ་ཚན་1000ལྷག་ཙམ་རིན་པ་མི་དགོས་པར་མཉམ་སྤྱོད་བྱས་པར་སློབ་སྦྱོང་ནང་ཞུགས་མཁན་མི་ཐེངས་ཁྲི་91ཟིན་ནས་རྒྱལ་ཁབ་དང་ས་ཁུལ་190ལ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།