དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོ་ནས“བྱ་རིགས་ཀྱི་རྒྱལ་པོ”ཞེས་སུ་གྲགས་པའི་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་རྙེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-05

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ལྟ་ཞིབ་ཚད་ལེན་མི་སྣས་མཚོ་སྔོན་པོའི་བྱང་ངོགས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་དུ་དཔྱིད་ཀྱི་དུས་བྱར་ལྟ་ཞིབ་ཚད་ལེན་བྱེད་སྐབས། “བྱ་རིགས་ཀྱི་རྒྱལ་པོ”ཞེས་སུ་གྲགས་པའི་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་རྙེད་པ་རེད།

    མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པ་དང་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་མཚོ་ཞིག་ཡིན། མཚོ་སྔོན་པོའི་རྒྱུག་ཁུལ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་རང་རྒྱལ་ནུབ་བྱང་རྒྱུད་ཀྱི་ཁོར་ཡུག་ཆེ་མོའི་སྐྱེ་ཁམས་དོ་སྙོམས་ཡོང་བའི་ཆུ་རྒྱུག་ཁུལ་གལ་ཆེན་ཞིག་རེད།

    ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱ་རིགས་མཚོ་སྔོན་པོའི་འགྲམ་གྱི་ཝ་མགྱོགས་འདམ་ར་ནས་རྙེད་པ་དང་ཉེ་འཁོར་དུ་ད་དུང་སྐྱར་མོ་རྐང་རིང་དང་ངུར་པ་སོགས་ཆུ་བྱའང་ཡོད་པ་རེད། ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་འཚོ་སྡོད་བྱེད་ས་ནི་མཚོ་དང་། ཆུ་མཛོད། རྫིང་བུ་སོགས་མཐའ་འཁོར་གྱི་ཆུ་གཏིང་ཐུང་ཁུལ་ཡིན་པས་འཚོ་སྡོད་ཁོར་ཡུག་ལ་རེ་བ་ཧ་ཅང་མཐོ་པོ་ཡོད། ཟས་རིགས་ཕུན་སུམ་ཚོགས་པ་དང་། ཆུ་ཁུངས་ལེགས་པ། སྐྱེ་ཁམས་ཁོར་ཡུག་ལེགས་པ་བཅས་ཀྱི་འདམ་རའི་ཁུལ་དེ་རང་ཉིད་འཚོ་སྡོད་བྱ་ཡུལ་དུ་འདེམས་ཀྱི་ཡོད། མཚོ་སྔོན་པོར་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་མཐོང་རྒྱུ་ཡོད་པ་ལས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།