དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བརྒྱུད་རོགས་ཁྲིད་གསུམ་མཐའ་འཁྱོངས་ཀྱིས། གཞི་རིམ་བཅོས་སྐྱོང་ལས་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-05

    ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤོམ་མདའ་གྲོང་རྡལ་ཐོག་གཉིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པས་གྲོང་སྡོད་ལས་དོན་སྤེལ་ཚུན། “བརྒྱུད་རོགས་ཁྲིད་གསུམ”དམ་འཛིན་མཐའ་འཁྱོངས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་ལ་གཞོགས་འདེགས་བྱས་ནས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་བྱེད་པའི་བསམ་ཕྱོགས་དང་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པས། གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཏེ། གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གིས་དམིགས་ཚད་གཏན་འཁེལ་དང་། ངར་ཤུགས་སྒྲིམ་པ། སྤུས་རྟགས་གཏོད་པ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་གི“མཁར་རྫོང”ནུས་པ་ཟམ་མི་ཆད་པར་བརྟན་དུ་དང་ཏང་གི་གཞི་རིམ་གྱི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་བཏང་ཡོད། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཐོག་གཉིས་གྲོང་ཚོ་རྒྱལ་ལམ་318རྒྱུད་དུ་གནས་པའི་ལེགས་ཆ་དང་། ཏང་དང་མང་ཚོགས་ཀྱི་བྱེད་སྒོ་ལྟེ་གནས་ལ་བརྟེན་ནས། འགྲོ་འོང་བྱེད་མཁན་འགྲུལ་པར་རིན་མེད་ངལ་གསོ་རྒྱག་ས་མཁོ་འདོན་བྱས་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་གྲོས་འགོའི་ཡི་གེ་སྤྲད་དེ་ཤེས་དཔལ་ཡུལ་སྐོར་གྱི་དར་སྲོལ་གསར་པ་ཁྱབ་སྤེལ་ཤུགས་ཆེན་བཏང་ཡོད། ཐོག་གཉིས་གྲོང་ཚོའི་འདུམ་འགྲིག་ཞབས་ཞུའི་ལྟེ་གནས་བསྐྲུན་ཏེ“ས་གནས་ས་ཐོག་དང་འདུམ་འགྲིག་ཆེན་པོ་ཟུང་དུ་འབྲེལ་བའི”ལས་ཀ་བྱེད་སྟངས་དང་། “དྲ་རྒྱ་དང་འདུམ་འགྲིག་ཟུ་འབྲེལ” “སྲིད་གཞུང་དང་དམངས་ཁྲོད་ཟུང་འབྲེལ” “ལས་རིགས་དང་ཆེད་ལས་ཟུང་འབྲེལ”སོགས་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་། འདུམ་འགྲིག་ཐག་གཅོད་བྱེད་ཐབས་སྣ་ཚོགས་སྤྱད་དེ་མང་ཚོགས་ཀྱི་རེ་ཞུ་སྒྲུབ་པའི་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་དང་ལས་ཀའི་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། ཏང་དང་། མང་ཚོགས། ལས་བྱེད་པ་བཅས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བས། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཏན་ཏིག་བསལ་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་དང་སྐྱེལ་འདྲེན་ཐོན་ལས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་ལས་གྲྭ་ཨར་སྐྲུན་གྱི་ལས་རྣམ་གསར་པར་དམིགས་ནས་རང་རྟོགས་ངང“གྲོང་ཚོ་ཨུ་ལྷན་གཉིས”དང་། ཁོངས་གཏོགས་ཁུལ་གྱི་རྣམ་གྲངས་ཨར་སྐྲུན་ཚན་པ་སོགས་དང་སྦྲེལ་མཐུད་བྱས་ཏེ། ཐོག་གཉིས་གྲོང་ཚོའི་མང་ཚོགས་ཀྱི་ས་རྐོའི་འཕྲུལ་འཁོར་དང་དཀྲུག་འཁོར་སོགས་སྐྱེལ་འདྲེན་འཕྲུལ་འཁོར་68ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པར་མང་ཚོགས་དུད་ཚང་43ལ་འབབ་འཕར་སྒོར་ཁྲི་32ལྷག་ཙམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།