དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་80ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-05

    “གསོ་ཚགས་གཞི་ཁྱོན་ཆེ་རུ་གཏོང་བའི་དངུལ་གཞི་ནས་རག་བྱུང” “འདི་ལོ་འབེབས་འཁོར་འདི་ལ་བརྟེན་ནས་ཡོང་འབབ་གསོག་གི་ཡིན” གསེར་རྙེད་ཆུས་བྲག་སྒོར་རི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་རྒྱལ་པོ་དང་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་གླ་ཤི་ཐང་གྲོང་ཚོའི་གྲོང་མི་ཚེ་དབང་དཔལ་རྒྱལ་གཉིས་ལ་ཉེ་དུས་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་ནས“རིག་ལྡན་འབྲོག་ལས་དངུལ་བུན”དང“ཞིང་ཕན་འཕྲུལ་ཆས་ཁག་ཐེག་དངུལ་བུན”ཐོག་མར་རག་ནས་དགའ་སྤྲོའི་ངང“ཞིང་ལས་དངུལ་ཁང་གིས་ང་ཚོའི་སེམས་ཁྲལ་རྦད་དེ་སེལ་སོང”ཞེས་བརྗོད།

    འདི་ལོ་ནས་བཟུང་། འབྲི་གཡག་གསོ་ཚགས་དུད་ཚང་གི་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་ཆེད། ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས“རིག་ལྡན་འབྲོག་ལས་དངུལ་བུན”གསར་གཏོད་དང་ཁྱབ་གདལ་བཏང་བ་མ་ཟད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཁྲོད་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་རོགས་དང“ཞིང་ཕན་འཕྲུལ་ཆས་ཀྱི་ཁག་ཐེག་དངུལ་བུན”དུས་ཐོག་ཏུ་གསར་གཏོད་དང་ཁྱབ་གདལ་བཏང་སྟེ། གྲོང་གསེབ་དར་རྒྱས་དང“ཞིང་གསུམ”རྫོང་ཁོངས་ཀྱི་དངུལ་རྩའི་ཐོན་རྫས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད། མིག་སྔའི་བར། དངུལ་ཁང་དེས་རིམ་རྩིས་བྱས་ན་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་20.28བཏང་བ་དང་ལྷག་གྲངས་སྒོར་དུང་ཕྱུར་81.11ཟིན་ནས་ལོ་འགོ་ལས་སྒོར་དུང་ཕྱུར་5.82འཕར་ཏེ་སྒོར་དུང་ཕྱུར་80ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད།

    དངུལ་ཁང་གི་འགན་འཁུར་བས། གོམ་སྟབས་རྗེས་མར་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཀུན་ཕན་དང་ཀུན་ཕན་དངུལ་རྩའི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་ཏེ། ནག་ཆུའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཞིང་ལས་དངུལ་ཁང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།