དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དཀའ་སྡུག་དང་བདེ་སྐྱིད། བོད་ཀྱི་ཡར་ལངས་ཞིང་བྲན་སྲི་ཆོས་དབང་མོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-04

    འདི་ནི་སྲི་ཆོས་དབང་མོའི་འདྲ་པར་ཡིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་རྒྱ་རྒན་གྲོང་ཚོར་སྲི་ཆོས་དབང་མོ(དཀྱིལ)དང་ནང་མི་ཚོའི་མཉམ་པར་ཡིན་པ།

    འདི་ལོ་ལོ་85ལ་སླེབས་པའི་སྲི་ཆོས་དབང་མོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་རྒྱ་རྒན་གྲོང་ཚོ་ནས་རེད། སྲི་ཆོས་དབང་མོ་སྔོན་ཆད་ཞིང་བྲན་ཞིག་ཡིན་པ་དང་ཆུང་དུས་ནས་མ་ནད་གཞིའི་རྐྱེན་པས་ཚེ་ལས་འདས། སྐབས་དེར་རྩྭ་ཐང་སྟེང་སྨན་པ་མེད་སྟབས། ནད་གཞི་ཕོག་ན་སྡུག་རུས་བྱ་རྒྱུ་ལས་མ་འདས། སྔར་སོང་གི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། སྲི་ཆོས་དབང་མོས“སྡུག་རུས་ཐུབ་ན་འཚོ་ཐུབ་པ་དང་། སྡུག་རུས་མ་ཐུབ་ན་འཆི་རྒྱུ་ལས་མ་འདས”ཞེས་ཡིད་སྐྱོ་བའི་ངང་བརྗོད། ལོ་ན་ཆུང་བའི་སྲི་ཆོས་དབང་མོ་དང་རྨོ་བོ་ལགས་གཅིག་ལ་གཅིག་བརྟེན་བྱས་ནས་འཚོ་བ་བསྐྱལ་བ་དང་། ཞིང་བྲན་ཡིན་པའི་ཁོར་ཚོར་རང་ཉིད་ལ་ནོར་ལུག་མེད་སྟབས་ཞིང་བྲན་བདག་པོའི་ཕྱུགས་རིགས་འཚོ་དགོས་པ་མ་ཟད། དཔྱ་ཁྲལ་ལྕི་པོ་མང་པོ་ཞིག་འཇལ་དགོས་པར་བརྟེན་སློང་མོ་བྱས་ནས་འཚོ་ཐབས་བྱེད་ཀྱི་ཡོད།

    1959ལོའི་ཟླ་3པར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ། “རྩྭ་ར་དང་འབྲི་གཡག་མགོ་གྲངས་5བགོ་བཤའ་རག་པ་ནས་བཟུང་། འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང” སྲི་ཆོས་དབང་མོས“དུས་དེ་ནས་བཟུང་རང་ཉིད་རྩྭ་ཐང་སྟེང་དགའ་ལྷང་ལྷང་ངང་སྐྱོད་པའི་གོམ་བགྲོད་ཀྱང་དེ་བས་ཡང་དུ་ཕྱིན་སོང”ཞེས་སྲི་ཆོས་དབང་མོས་བརྗོད།

    ད་ཆ་སྲི་ཆོས་དབང་མོའི་བུ་ཕྲུག་11གིས་སོ་སོའི་ཁྱིམ་ཚང་ཟིན་པ་དང་། དེ་སྔ་རྨོ་བོ་ལགས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད་སའི་ཁྱིམ་ཚང་ཆུང་ཆུང་དེ་མི་འབོར་བརྒྱ་ལྷག་ཙམ་ཡོད་པའི་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ལ་གྱུར་ཡོད།

    2024ལོའི་བོད་ཀྱི་ལོ་གསར་སྐབས། སྲི་ཆོས་དབང་མོའི་བུ་ཕྲུག་ཚོས་རང་རང་སོ་སོའི་ནང་མི་ཁྲིད་དེ་རྒྱ་རྒན་གྲོང་ཚོར་མཉམ་འཛོམས་བྱེད་ཀྱི་ཡོད་པ་དང་། ཕྲུ་གུ་ཚོས་རྒན་རྒོན་རྣམས་ལ་ཁ་བཏགས་སྒྲོན་པ་དང་ཆང་བཀྱགས་ཀྱི་ཡོད། སྲི་ཆོས་དབང་མོ་ཚ་བོ་དང་ཚ་མོ་མང་པོའི་དཀྱིལ་དུ་བསྡད་པ་དང་དགའ་སྤྲོའི་གླུ་དབྱངས་ཚོམས་ཆེན་ནང་ལྷང་ལྷང་དུ་གྲགས། ཁོང་གིས“འཚོ་བ་ཡག་པོ་དེ་འདྲ་ཞིག་ཡུན་ནས་ཡུན་དུ་སྐྱེལ་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།