དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ཚོང་སྦྲེལ་མཐུད་བྱེད་སྒོ་བོད་ལྗོངས་ཉིང་ཁྲིར་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-04

    ཉེ་ཆར། “གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུས་ནས་བོད་ཀྱི་ཐོན་རྫས་བོད་ནས་ཐོན་པར་རམ་འདེགས་བྱེད”ཅེས་པའི་2024ལོའི་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ཚོང་སྦྲེལ་མཐུད་བྱེད་སྒོ་སྐབས་དང་པོ་ཉིང་ཁྲིར་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་ཁྱོན་ས་མཐོའི་གྲགས་ཅན་དང་སྤུས་ལེགས་ཐོན་རྫས་སྣ་ཁ་120ལྷག་ཙམ་འགྲེམས་ཚོང་བྱས་པ་དང་སྒོར་ཁྲི་20རི་བའི་ཞིང་སྐྱོར་ཁ་གསབ་འཛིན་ཤོག་སྤྲད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་19ཡི་གྲོང་གསེབ་དར་རྒྱས་དང་ཚོང་ཟོག་ཕྱིར་ཚོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་ཚོགས་འདུར་གདན་དྲངས་ཤིང་། ཁོང་ཚོས་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་ཁྱབ་གདལ་གཏོང་སྟངས་ཡག་པོ་དང་ཉམས་མྱོང་ལ་དམིགས་ནས“བོད་ཀྱི་ཐོན་རྫས་བོད་ནས་ཐོན་པའི”རྣམ་གྲངས་ལ་གྲོས་འགོ་ཡག་པོ་བཏོན་པ་རེད། བྱེད་སྒོ་སྤེལ་རིང་། ཞིང་ཆེན་ཁག་གི་སྦྲག་སྲིད་ཀུང་སི་དང་ཚོགས་ཞུགས་མི་སྣས་ཞིང་འབྲོག་ཐོན་རྫས་གྲགས་ཅན་དང་། སྤུས་ལེགས་གཉེར་སྐྱོང་། དེ་བཞིན་མཉམ་ལས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་སྤེལ་རེས་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཀྱང་བྱས་པ་རེད།

    དུས་ཡུན་རིང་པོའི་ནང་། བོད་ཀྱི་སྦྲག་སྲིད་ཀྱིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བར་གཞོལ་བ་དང་ཞིང་ཕན་མཉམ་ལས་རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ཏེ། ཞིང་འབྲེལ་ཁེ་ལས་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་ཤིང་། མིག་སྔའི་བར་བོད་ཀྱི་སྦྲག་སྲིད་ཀྱི“བོད་ཀྱི་ཐོན་རྫས་བོད་ནས་ཐོན་པའི”རྣམ་གྲངས་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་ས་གནས་ཀྱི་ཁེ་ལས་100ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།