དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་དཔལ་འབྱོར་གྱི་དཔེ་དབྱིབས་གསར་པ་འཚོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-04

    ཧྥ་རན་སེའི《འཛམ་གླིང་ཚགས་པར》གྱི་དྲ་ཚུགས་ཐོག་སྤེལ་བའི་གནས་ཚུལ། ཀྲུང་གོས་དཔེ་དབྱིབས་གསར་པ་ཞིག་འཚོལ་བཞིན་ཡོད། འོན་ཀྱང་ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་ལ་གཏོང་ཆ་གཏོང་ཤུགས་ཆུང་དུ་བཏང་མེད་པ་དེས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད།

    ཟླ་2པར་ཀྲུང་གོའི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་0.7%འཕར་ཡོད། འགལ་རྐྱེན་གནས་ནའང་ཀྲུང་གོས་སྔར་བཞིན་ཡིད་ཆེས་ཀྱིས་ཁེངས་པའི་ངང་འཕར་བའི་དམིགས་ཚད་བཟོས་པ་སྟེ། 2023ལོ་དང་འདྲ་བར་དཔལ་འབྱོར་འཕར་ཚད་5%ཙམ་ཟིན་རྒྱུའི་འཆར་གཞི་བཀོད་ཡོད། དམིགས་ཚད་དེ་མངོན་འགྱུར་བྱ་ཆེད། ཀྲུང་གོ་སྲིད་གཞུང་གིས་ས་གནས་ལ་ས་ཁང་བདག་ཁོངས་རྣམ་གྲངས་ཀྱི“མིང་ཐོ་དཀར་པོ”བཟོ་རྒྱུའི་སྐུལ་ལྕག་བྱེད་པ་དང་། དངུལ་རྩའི་སྒྲིག་གཞི་གདན་ཞུ་བྱས་ནས་རྣམ་གྲངས་དེ་དག་ལ་མ་དངུལ་མཁོ་འདོན་བྱེད་ཀྱི་ཡོད། གཞན་ཡང་རྒྱལ་ཁབ་ཀྱིས་ཀྱང་ཁང་གླ་དམའ་བའི་སྡོད་ཁང་གི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

    དཔལ་འབྱོར་ཡར་སྐུལ་འཆར་གཞིར་མ་དངུལ་མཁོ་འདོན་བྱ་ཆེད། ཀྲུང་གོ་སྲིད་གཞུང་གིས་2024ལོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1གི་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།

    ཀྲུང་གོ་སྲིད་གཞུང་གིས་ད་དུང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་ཀྱི་རྙིང་ཚབ་གསར་བརྗེའི་ཇུས་གཞི་བཏོན་པ་དེ་བཟོ་ལས་འཕྲུལ་ཆས་དང་། རླངས་འཁོར། ཁྱིམ་སྤྱོད་གློག་ཆས་བཅས་དང་འབྲེལ་བ་ཡོད། དམིགས་ཚད་ནང་2027ལོར་སླེབས་སྐབས་བེད་མེད་རླངས་འཁོར་ཚུར་བསྡུ་བྱེད་ཚད་2023ལོ་ལས་ལྡབ་གཅིག་ཙམ་འཕར་རྒྱུ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚུར་བསྡུ་བྱེད་ཚད་2023ལོ་ལས་30%འཕར་རྒྱུ། བཟོ་ལས་དང་། ཞིང་ལས། བཟོ་སྐྲུན། འགྲིམ་འགྲུལ། སློབ་གསོ། རིག་གནས་ཡུལ་སྐོར། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་སྒྲིག་ཆས་ཀྱི་མ་འཇོག་གཞི་ཁྱོན་2023ལོ་ལས་25%ཡན་འཕར་རྒྱུ་བཅས་རེད། ཇུས་གཞི་དེས་རྒྱལ་ཁབ་ཀྱི་སྔོན་རྩིས་རྒྱབ་སྐྱོར་དང་ཁྲལ་བསྡུའི་གཟིགས་སྐྱོང་ལ་ཕན་འདོགས་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།