དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་ཁྲོམ་རར་སྔར་ནས་ད་བར་ཡིད་ཆེས་ཆེན་པོ་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡུའེ་ལིན་ཝེ།   |     སྤེལ་དུས།  2024-04-04

    “པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ནི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་དང་། སྲིད་གཞུང་དང་ཁེ་ལས་དབར་སྤེལ་རེས་དང་མཉམ་འགུལ་གཏིང་ཟབ་བྱེད་པའི་ལས་སྟེགས་ཤིག་ཡིན་པས། ཨེ་ཤེ་ཡ་དང་འཛམ་གླིང་གི་ཁེ་ལས་མཁས་ཅན་ཚོར་སྐད་ཆ་ཤོད་རེས་ཀྱི་གོ་སྐབས་ཤིག་མཁོ་འདོན་བྱས་ཡོད”ཅེས་ཉིན་ཤས་གོང་རི་པིན་གྱི་ཨོའུ་ལི་ཧྲི་ཚོགས་པའི་འབྲེལ་ཡོད་འགན་འཁུར་བ་ལིའུ་གོ་ཕིང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད། ཁོང་གིས། ལོ་མང་རིང་རི་པིན་གྱི་ཨོའུ་ལི་ཧྲི་ཚོགས་པས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ནང་ཧུར་ཐག་ཞུགས་ཡོད། “གླེང་སྟེགས་ནང་ཞུགས་པ་བརྒྱུད་ཨོའུ་ལི་ཧྲི་ཡི‘གྲོགས་ཚོགས’མུ་མཐུད་རྒྱ་ཆེར་ཕྱིན་ནས་ཀྲུང་གོར་མ་འཇོག་དང་མཉམ་ལས་བྱེད་རྒྱ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད”ཅེས་བརྗོད།

    2023ལོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་126ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་5.2%འཕར་ནས་འཕར་ཚད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་ཡོད། “གྲངས་གཞི་འདི་དག་ལས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་བཟང་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། གསོན་ཤུགས་ལེགས་པ་བཅས་ཡོད་པ་སླར་ཡང་ར་སྤྲོད་ནུས་ལྡན་ཐུབ་ཡོད”ཅེས་ལིའུ་གོ་ཕིང་གིས་བརྗོད་ཅིང་། ཁོང་གིས“ཨོའུ་ལི་ཧྲི་ཡིས་ཀྲུང་གོའི་ཁྲོམ་རར་སྔར་ནས་ད་བར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། འདས་ཟིན་པའི་ལོ་ཤས་ནང་། ཨོའུ་ལི་ཧྲིས་ཀྲུང་གོའི་ཁྲོམ་རར་མ་འཇོག་དང་ལས་སྒོ་རྒྱ་སྐྱེད་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ནུས་རྒྱུ་གསར་པ་དང་། དངུལ་རྩའི་ཞབས་ཞུ། རིག་གནས་ཡུལ་སྐོར་དང་རོལ་རྩེད་སོགས་ཀྱི་ལས་སྒོ་ཁག་བརྟན་པོའི་ངང་འཕར་བར་བྱས་ཡོད”ཅེས་བརྗོད།

    “སྒོ་མོ་དེ་བས་ཡངས་བར་ཕྱེ་བའི་ཀྲུང་གོས་འཛམ་གླིང་ལ་ཐུན་མོང་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཡོད” ཨོའུ་ལི་ཧྲི་ཡིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་སོགས་ལས་སྟེགས་མང་པོ་བརྒྱུད་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ལོ་50ལྷག་ཙམ་རིང་ཀྲུང་གོར་འཕེལ་རྒྱས་བྱུང་བའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ཐུན་མོང་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ནས་རི་ཀྲུང་གི་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་ལིའུ་གོ་ཕིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།