ལྷོ་ཁ་གྲོང་ཁྱེར་གྱིས“སྙིཌ་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ཀྱི་ལྗང་མདོག་དཔེ་མཚོན་བཏོད་པ།
ཡར་ཀླུང་གི་ས་གཞི་ཆེན་པོ་དེ་བས་མཛེས་སྡུག་ལྡན་པར་བྱེད།
ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་ཤུར་གྱི་ངོགས་གཉིས་སུ་གནས་པ་དང“བོད་མིའི་འབྱུང་ཁུངས”ཞེས་འབོད་པའི་ལྗང་མདོག་གྲོང་ཁྱེར་འདིའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་གསོན་ཤུགས་ཀྱིས་མི་མང་པོའི་ཡིད་ཀྱི་བརྟན་པ་ཡོངས་སུ་འཕྲོག མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས《ལྷོ་ཁ་གྲོང་ཁྱེར་གྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ཀྱི་ལྕག་སྐུལ་བྱ་ཐབས》ལ་གཞིགས་ནས“སྙིགས་རོ་མེད་པའི་གྲོང་ཁྱེར”དཔེ་སྟོན་ཁུལ་39གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་རེད།
2022ལོར《“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཡོངས་ཀྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ལས་དོན་ཇུས་གཞིའི》ནང་ཚུད་རྗེས། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གཙོ་གནད་རྣམ་གྲངས་43དམ་འཛིན་བྱ་གཞིར་བྱས་ཏེ་ཁྱོན་མ་དངུལ་སྒོར་དུང་ཕྱུར་28ཙམ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ“སྙིགས་རོ་མེད་པའི་གྲོང་ཁྱེར”གཏོད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།
ཡར་ཀླུང་གི་ས་གཞི་ཆེ་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱ་ཆེད། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཐད་ལྷོ་ཁ་གྲོང་ཁྱེར་གྱིས་རི་ཆུ་ནགས་གསུམ་དང་། ཞིང་མཚོ་རྩྭ། བྱེ་ཐང་། འཁྱགས་པ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱས་ནས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་གསུམ་དང་ཞིང་མཚོ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་སོགས་རྣམ་གྲངས་མང་པོར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་དུ་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་118.28ཟིན་པ་དང་ནགས་ཚལ་ཁྱབ་ཚད་24.79%ཟིན་ཡོད།
སྨན་བཅོས་ཟོག་རོ་གཙང་མ་བཟོ་བའི་ནུས་པ་ཆེ་རུ་གཏོང་བའི་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་དེང་རབས་ཅན་གྱི་སྨན་བཅོས་ཟོག་རོ་གཙང་བཟོའི་སྒྲིག་ཆས་སྒྲིག་སྦྱོར་དང་དེ་བཞིན་སྨན་བཅོས་ཟོག་རོ་རིགས་དབྱེ་བསྡུ་རུབ་དང་། སྐྱེལ་འདྲེན། གཙང་བཟོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཟོག་རོ་གཙང་བཟོ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། སྨན་བཅོས་ཟོག་རོས་ཁོར་ཡུག་དང་མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བའི་ཉེན་ཁ་ཆུང་དུ་བཏང་ཡོད།