དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཛེས་པའི་ནག་ཆུ་བསྐྲུན་ཡོད་པ་རེད།

    སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཉིན་རེ་བཞིན་བརྟན་དུ་ཕྱིན་ཞིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་སའི་ལས་འགན་ཁག་48དང་། ཞིབ་ཕྲའི་བྱ་ཐབས་ཁག་117 གཙོ་གནད་རྣམ་གྲངས་ཁག་13བཅས་ལག་ལེན་བརྟན་པོ་བསྟར་བར་སྐུལ་འདེད་བཏང་བ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང(གདང་ལའི་བྱང་རྒྱུད་ས་ཁོངས)དང་། བྱང་ཐང་རྒྱལ་ཁབ་སྤྱི་གླིང་། བོད་ཀྱི་ནུབ་བྱང་སྐྱེ་ཁམས་གསོ་ཁུལ་བཅས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་བཅོས་སྒྲིག་ནུས་ལྡན་ཐུབ་པ་དང་ཕན་འབྲན་ཐོན་པ་བཅས་ལས་ནག་ཆུ་གྲོང་ཁྱེར་དང་ལྷ་རི་རྫོང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ལ་བདེ་བླག་ངང་འཛུགས་གཏོད་བྱས་ཏེ། གླིང་སྣེའི་ས་མཐོའི་སྐྱེ་ཁམས་བདེ་འཇཌ་ཀྱི་ལྕགས་རི་རིང་པོ་བརྟན་པོ་ཞིག་ཕྱོཌ་ཡོངས་ནས་བསྐྲུན་ཡོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་མངོན་གསལ་དོད་ཅིང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་གོ་རིམ་ལྡན་པའི་བཅོས་སྒྲིག་མཐའ་འཁྱོངས་བྱས་པས་རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48%ཟིན་པ་དང་། ནགས་ཚལ་ཁྱབ་ཚད་2.17%མཐོ་རུ་ཕྱིན་ཡོད། ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་། ཆར་པའི་བཙོག་ཆུ་གཙང་གསིང་། འཚོ་བའི་གད་སྙིགས་གནོད་མེད་གཙང་བཟོ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་ཚད་99.7%བར་མཐོ་རུ་ཕྱིན་པ་དང་། བཙོག་ཆུ་གཙང་གསིང་བྱེད་ཚད་95.8%ཟིན་པ། ཆུ་འགོའི་ཁུལ་གྱི་ཆུ་སྤུས་ལོན་ཚད་100%ཟིན་པ་བཅས་ལས་མཛེས་སྡུག་ལྡན་པའི་མིའི་འཚོ་སྡོད་ཁོར་ཡུག་ཅིག་མངོན་བཞིན་ཡོད།

    སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་། ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྒྱུར་ཚད་ལྡན་ཅན་དང་། གོ་རིམ་ཅན། ལམ་ལུགས་ཅན་བཅས་སུ་གྱུར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་དོན་འཁྱོལ་གཏིང་ཟབ་ཐུབ་པ། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ལམ་ལུཌ་སྒྱུར་བཅོས་གཏིང་ཟབ་ཏུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་གི་ལྟ་འདོམས་ནུས་ཕྱོད་ནུས་ལྡན་འདོན་པ་བཅས་ལས་ཁྲིམས་སྐྱོང་གིས་སྣེ་ཁྲིད་དང་། ལམ་ལུཌ་ཀྱིས་གཅུན་སྡོམ། སྲིད་ཇུས་ཀྱིས་ཁྲིད་སྟོན་བཅས་ཀྱི་སྤྱི་ཚོགས་ཡོངས་མཉམ་སྐྲུན་མཉམ་སྐྱོང་གི་གསོན་ཉམས་དོད་པའི་རྣམ་པ་ཞིག་གྲུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།