དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚ་བ་རོང་ཤང་གིས“དམིགས་པ་གསུམ་དང་སྐུལ་གཏོང་གསུམ”གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྔར་བས་ཁྱབ་གདལ་ཡག་པོ་བཏང་བ།

    “ཤོད་ཐུབ་པ་དང་འབྲི་ཤེས་པའི”གྲོང་ཚོའི་ལས་བྱེད་པ་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཞབས་འདེགས་ཞུ་བ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལ་གཞོགས་འདེགས་བྱེད་པ་བཅས་ཀྱི་ལས་དོན་སྤེལ་རིང་། རྫ་ཡུལ་རྫོང་ཚ་བ་རོང་ཤང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། “དམིགས་པ་གསུམ་དང་སྐུལ་གཏོང་གསུམ”ཁྲིད་སྟོན་དུ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་གྲོང་ཚོའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

    དཔྱད་ཞིབ་དཔྱད་དཔོག་གི་ལྷུ་ཚིགས་ལ་དམིགས་ཏེ།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གནད་སྨིན་སྦྱོང་བར་སྐུལ་མ་བཏང་བ།

    ཚན་རིག་དང་མཐུན་ལ་ཕན་འབྲས་ལྡན་པའི་དཔྱད་ཞིབ་དཔྱད་དཔོག་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ཁྲོད་ཀྱི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པ་བརྗེ་རེས་བྱས་ཚུན། “ཡིག་རྒྱུགས་བླངས་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། སློབ་སྦྱོང་ལ་བརྟེན་ནས་ཤེས་རྟོགས་ལ་སྐུལ་འདེད། ཤེས་རྟོགས་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད”བཅས་གཏོང་བའི་ཁྱབ་གདལ་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་། དཔྱད་ཞིབ་དཔྱད་དཔོག་དེ་གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་ཆུ་ཚད་དང་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཐབས་ལམ་ནུས་ལྡན་དུ་བརྩིས་ཡོད། རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པའི་རུ་མིས་གཅིག་གྱུར་ཡིག་རྒྱུགས་གཏོང་བ་དང་རྒྱ་སྐད་ཤོད་སྟངས་ལད་མོ་བྱེད་པ་སོགས་ཀྱི་ཐབས་ཤེས་སྤྱད་དེ། དུས་ངེས་མེད་དུ་གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་ནས་གྲོང་ཚོའི་ལས་བྱེད་པའི་སློབ་སྦྱོང་གི་ཕན་འབྲས་ཤེས་རྟོགས་གང་ལེགས་བྱས་པ་རེད།

    མིག་སྔའི་བར་ཚ་བ་རོང་ཤང་གི་སྲིད་འཛིན་གྲོང་ཚོ་21གི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་98ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བསླབས་པ་དང་། མི་84ཡིས་དོན་གོ་བ་དང་ཤོད་ཐུབ་པ་དང་། མི་62ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡང་དག་པའི་སྒོ་ནས་ཀློག་པ་དང་། ངོས་འཛིན་པ། འབྲི་བ། སྤྱོད་པ་བཅས་བྱེད་ཐུབ་ཡོད།

    ཆ་སྒྲིག་སྦྱོང་རོགས་ཀྱི་ལྷུ་ཚིགས་ལ་དམིགས་ཏེ།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྲ་བརྟན་སྦྱོང་བར་སྐུལ་འདེད་བཏང་བ།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་ཆ་སྒྲིག་སྦྱོང་རོགས་བྱེད་པ་ནི་གཞོགས་འདེགས་བྱེད་སྟངས་ནུས་ལྡན་ཞིག་ཡིན། ཚ་བ་རོང་ཤང་གིས“ལེགས་པས་ཞན་པ་འཁྲིད་པ་དང་དྲག་པས་ཞན་པ་འཁྲིད་པའི”སྦྱོང་རོགས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ཏེ“གཅིག་གཏད་གཅིག”གམ“མང་གཏད་གཅིག”གི་རོགས་ཁྲིད་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་གཙོ་བོར་བྱས་པ་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་སྒྲུབ་པ་དང་ཚན་རྩལ་གྱི་ཆེད་བསྐོས་ལས་སྒྲུབ་པས་རྐང་འཛིན་བྱས་པའི་ཆ་སྒྲིག་སྦྱོང་རོགས་ཀྱི་དཔུང་ཁག་བཙུགས་ཤིང་། “ཆ་སྒྲིག་པ་དང་། མཉམ་དུ་སྦྱོང་བ། མཉམ་དུ་མཐོར་འདེགས”བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་གོ་བ་དང་ཤོད་ཐུབ་ཀྱང་འབྲི་མི་ཤེས་པ་དང་གོ་ཡང་ཤོད་མི་ཐུབ་ལ་འབྲི་ཡང་མི་ཤེས་པའི་གྲོང་ཚོའི་ལས་བྱེད་པར་གཙོ་གནད་ཐོག་སློབ་ཁྲིད་བྱས་པ་དང་། དེ་དག་ལ་ཀློག་སྟངས་དང་འབྲི་སྟངས་གང་མྱུར་ཁོང་དུ་ཆུད་རོགས་བྱས་པ་མ་ཟད། ཡང་སྒོས་ཀློག་སྟངས་དང་འབྲི་སྟངས་ནོར་བ་དུས་ཐོག་ཏུ་ཡོ་སྲང་བྱས་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་ཕན་འབྲས་ལེགས་སུ་ཏན་ཏིག་ཕྱིན་ཡོད།

    མིག་སྔར་ཚ་བ་རོང་ཤང་ལ་ཆ་སྒྲིག་སྦྱོང་རོགས་ཁྱོན་ཆ་90ལྷག་བྱས་ཤིང་། རིམ་རྩིས་བྱས་ན་ཆ་སྒྲིག་སྦྱོང་རོགས་བྱེད་སྒོ་ཐེངས་367སྤེལ་བས་གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་མི་ཐེངས་1500ལྷག་ལ་ཕན་པ་ཐོབ་ཡོད།

    ཚན་རྩལ་ནུས་སྐྱེད་ཀྱི་ལྷུ་ཚིགས་ལ་དམིགས་ཏེ།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་རྨང་གཞི་བརྟན་གཏོང་ལ་སྐུལ་འདེད་བཏང་བ།

    ཚན་རྩལ་གསར་གཏོད་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཡིན་ལ། སྒུལ་ཤུགས་ཆེན་པོ་དེ་ཇི་ལྟར་བེད་སྤྱོད་ཡག་པོ་གཏོང་བ་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན། རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པའི་རུ་མིས། སྲོལ་རྒྱུན་གྱི་ཁྱབ་གདལ་གཏོང་སྟངས་ཀྱི་འཆིང་རྒྱ་ལས་རྦད་དེ་གྲོལ་བར་བྱས་ཏེ། དེང་རབས་ཀྱི་སློབ་སྦྱོང་ལས་སྟེགས་སྤྱོད་པའི་ཐད་འབད་བརྩོན་བྱས་པ་སྟེ། “བོད་སྒྱུར་ལོ་ཙཱ་བ”APPདང་། “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”APP དེ་བཞིན་སྐད་འཕྲིན་ཚོགས་པ། སྤྱི་རྟགས་སོགས་གཞི་རྟེན་ལ་བརྟེན་ནས་ལག་མཐིལ་ནས་སྦྱོང་བ་དང་། རྩེད་མོའི་ཞོར་ལ་སྦྱོང་བ། ཚང་མས་སྦྱོང་བ་བཅས་ཀྱི“མཛུབ་མོའི་སློབ་ཁང”བཟོས་པ་མ་ཟད། སློབ་སྦྱོང་གི་ཐོན་ཁུངས་སྤུས་ལེགས་དུས་ཐོག་ཏུ་སྤེལ་ཏེ་གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ལ་དྲ་སྦྲེལ་སློབ་སྦྱོང་ལས་སྟེགས་ནས་ག་དུས་ཡིན་རུང་སྦྱོང་བ་དང་། གནས་གང་དུའང་སྦྱོང་བ། རང་དང་མཉམ་དུ་སྦྱོང་བ་བཅས་ལ་ཁྲིད་སྟོན་ཡང་དག་བྱས་པ་རེད།

    མིག་སྔའི་བར། ཚ་བ་རོང་ཤང་གི“བོད་སྒྱུར་ལོ་ཙཱ་བ”APPཕབ་ལེན་དང་ཐོ་འགོད་བྱས་ནས་སྤྱོད་མཁན་1389ཟིན་ཞིང་། གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་པའི་ཏང་ཡོན་ནང་ཁྱབ་ཚད་100%མངོན་འགྱུར་བྱུང་བ་རེད།

    འདི་ནི་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པའི་རུ་མིས་ས་ཆ་དེ་གའི་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཚོད་རྒྱུགས་ལེན་བཞིན་པ།

    འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་གྲོང་ཚོའི་ལས་བྱེད་པར་དྲ་སྦྲེལ་སློབ་སྦྱོང་ལས་སྟེགས་སྤྱོད་སྟངས་བསླབས་ནས་ག་དུས་ཡིན་རུང་སྦྱོང་བ་དང་། གནས་གང་དུའང་སྦྱོང་བ། རང་དང་མཉམ་དུ་སྦྱོང་བ་བཅས་ལ་ཁྲིད་སྟོན་བྱེད་བཞིན་པ།

    འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་རོགས་བྱེད་སྒོ་སྤེལ་ནས་གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཀློག་འབྲི་བྱེད་ཐབས་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།