དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལྷ་ས་གྲོང་ཁྱེར་གྱིས་བོད་སྐྱོར་ལ་བརྟེན་ནས་སློབ་གསོའི་ཁོངས་གཏོགས་ཀྱི་ལས་བྱེད་པའི་འཇོན་ཐང་ཆེ་རུ་འགྲོ་བར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་སྟོབས་ཤུཌ་ཀྱི་རྒྱབ་སྐྱོར་འོག 2023ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་ལས་བྱེད་པའི་འཇོན་ཐང་ཆེ་རུ་འགྲོ་བར་ཤུགས་སྣོན་རྒྱག་རྒྱུ་དམིགས་ཚད་དུ་བྱས་ཏེ། ཅང་སུའུ་ཡི་མཐོ་སློབ་ལ་བརྟེན་ནས་རྨང་གཞིའི་སློབ་གསོའི་གྲཌ་ཅན་མཁས་དབང་སྔོག་འདོན་གང་ལེགས་བྱེད་པ་དང་ཞིབ་སྦྱོང་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ནུས་གསར་པ་བསྣན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་དགེ་རྒན་གསོ་སྦྱོང་འཆར་གཞི་དང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་གྲངས་གཞི་ཅན་གྱི་དོ་དམ་པའི་འཇོན་ཐང་ཆེར་གཏོང་གི་ཆེད་དོན་གསོ་སྦྱོང་། ཅང་སུའུ་དང་ལྷ་ས་ས་ཁུལ་གཉིས་ཀྱི“བསླབ་གཞི་གསར་པ་དང་། སློབ་ཚན་གྱི་ཚད་གཞི་གསར་པ། སློབ་ཁྲིད་གསར་པ། མཐོ་རྒྱུགས་གསར་པ”བཅས་ཀྱི་དྲ་ཐོག་ཞིབ་སྦྱོང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་ནོར་དོན་དོ་དམ་ལས་བྱེད་པའི་བརྗོད་དོན་གཙོ་བོའི་གསོ་སྦྱོང་། 2023ལོའི་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་གྲངས་གཞི་ཅན་གྱི་དོ་དམ་པའི་འཇོན་ཐང་ཆེར་གཏོང་གི་ཆེད་དོན་གསོ་སྦྱོང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྲིད་འཛིན་དོ་དམ་ལས་བྱེད་པའི་ཅང་སུའུ་མཐོ་རིམ་ཞིབ་སྦྱོང་འཛིན་གྲྭ 2022ལོ་ནས་2023ལོ་བར་གྱི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བུ་བཅོལ་ཁང་གི་རྐང་འཛིན་དགེ་རྒན་ཅང་སུའུ་རུ་མཐོ་རིམ་ཞིབ་སྦྱོང་ལ་སྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། “ཕྱིར་སྐྱོད་པའི”རྣམ་པར་བརྟེན་ནས་ལྗོངས་ཕྱིའི་སྔོན་ཐོན་གྱི་སློབ་གྲྭ་དོ་དམ་དང་། སློབ་ཁྲིད་འདུ་ཤེས། ཉམས་མྱོང་དངོས་བཅས་ལྷ་སར་འཁྱེར་ཡོང་སྟེ། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོའི་དཔུང་ཁག་གི་ཆེད་ལས་ཀྱི་བྱང་ཚད་སྔར་བས་མཐོ་རུ་བཏང་བས། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭའི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་དང་སློབ་ཁྲིད་སྤུས་ཚད་ལེགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།