དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཆབ་མདོ་གྲོང་ཁྱེར་གྱིས་བོད་སྐྱོར་གྱི་ལེགས་ཆ་བཏོན་ནས་སློབ་གསོའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཐེན་ཅིན་གྲོང་ཁྱེར་དང་། ཁྲུང་ཆིང་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་བཅས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ཤེས་ལྡན་པ་གང་ལེགས་སྤྱད་དེ། དཔེ་སྟོན་སྣེ་ཁྲིད་དང་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་གང་ལེགས་བཏོན་པ་དང་། བོད་སྐྱོར་སློབ་གསོའི་ཐོན་ཁུངས་རྩ་བ་ཚུཌ་ནས་འབྲས་བུ་སྨིན་པར་སྐུལ་འདེད་བཏང་བ་མ་ཟད། ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་སྤུས་ཚད་སྐས་རིམ་གསར་པར་སླེབས་རྒྱུར་རམ་འདེཌ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱིས“ལེགས་པའི་ཁྲོད་ནས་ཕུལ་བྱུང་དང་ཕུལ་བྱུང་ཁྲོད་ནས་རྩེ་གྲ་འདེམས་རྒྱུ”མཐའ་འཁྱོངས་བྱས་ཤིང་། 2022ལོར་སློབ་གསོའི་ཤེས་ལྡན་པ་55ཧྲག་འདེམས་བྱས་ནས་ཆབ་མདོ་མཐོ་རིམ་སློབ་འབྲིང་དང་པོ་དང་། ཚོད་ལྟའི་སློབ་ཆུང་། ཁ་རུབ་སློབ་འབྲིང་གཉིས་པ་བཅས་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད། གཞན་ཡང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ཤེས་ལྡན་པས“ཞིང་ཆེན་གྱིས་སློབ་གྲྭ་འགན་གཙང”གི་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། “སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག”ལག་ལེན་བསྟར་ཏེ་དགེ་སློབ་ཆ་སྒྲིག་དང་། གསར་རྙིང་ཆ་སྒྲིག སློབ་ཚན་ཆ་སྒྲིག ཚན་རིག་དང་མཐུན་པའི་རོགས་སྐྱོར་བཅས་རྒྱ་ཁྱབ་བྱས་ཤིང་། “གཅིག་གཏད་གཅིག”དང་། “གཅིག་གཏད་མང” “མང་གཏད་མང”བཅས་ཀྱི་བྱེད་ཐབས་སྤྱད་དེ། རོགས་སྐྱོར་ཆ་སྒྲིག་55བྱས་ནས་ས་གནས་དེ་གའི་དགེ་རྒན་97ལ་རོགས་ཁྲིད་བྱས་ཡོད། ཁྲུང་ཆིང་གི་སློབ་སྤྱི(ཡོན་ཀྲང)དང་གྲགས་ཅན་དགེ་རྒན་29དང་། ཐེན་ཅིན་དགེ་འོས་སློབ་ཆེན་གྱི་རིཌ་གཅིག་མཁས་ཅན་དང་མཁས་དབང་9 ཧྥུའུ་ཅན་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་11བཅས་གདན་དྲངས་ཏེ་དགེ་རྒན་གྲཌ་ཅན་གྱི་སློབ་ཁྲིད་བྱེད་སྒོ་སྤེལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ཆབ་མདོ་གྲོང་ཁྱེར་གྱི་མཐོ་རྒྱུཌ་ནང་སློབ་ཆེན་དཀྱུས་མར་རྒྱུཌ་འཕྲོད་ཚད་93.47%ཟིན་པ་དེ་2022ལོ་ལས་0.8%མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་མཐོ་རྒྱུགས་ནང་རྒྱུགས་འཕྲོད་ཚད་83.75%ཟིན་པ། གྲོང་ཁྱེར་ཡོངས་ཀྱི་ནང་སའི་བོད་ལྗོངས་དམའ་འབྲིང་གི་ཆ་སྙོམས་སྐར་གྲངས་2022ལོ་ལས་སྐར་མ་9.3མཐོ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།