དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ཀྱི་གཞོན་ནུ་རྐང་འཛིན་དགེ་རྒན་ཧོ་པེར་ཟབ་སྦྱོང་ལ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    ཉིན་ཤས་གོང་། མངའ་རིས་ས་ཁུལ་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ཏེ། གཞོན་ནུ་རྐང་འཛིན་དགེ་རྒན་གྱི་ཟབ་སྦྱོང་འཛིན་གྲྭ་ཁག་བརྒྱད་པ་སློབ་མཇུག་འགྲིལ་བའི་མཛད་སྒོ་ཧོ་པེའི་ཧྲི་ཅ་ཀྲོང་དུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱི་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ་དང་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་ཆེད། མངའ་རིས་ཀྱི་དགེ་རྒན་5ཧོ་པེ་དགེ་འོས་སློབ་ཆེན་དུ་གཉེར་བའི་ལས་ཐོག་གསོ་སྦྱོང་ལ་ཞུགས་ཤིང་། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་90རེད། དེའི་རིང་དགེ་རྒན་ཚོས་ཧོ་པེ་དགེ་འོས་སློབ་ཆེན་གྱི་སློབ་ཁྲིད་ཁོར་ཡུག་ཉམས་ལེན་གཏིང་ཟབ་བྱས་པ་དང་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་སློབ་ཁྲིད་བྱེད་སྟངས་སློབ་སྦྱོང་བྱས་པ་མ་ཟད། དངོས་སུ་ལག་ལེན་ཡང་བྱས་པ་རེད། ཧོ་པེ་དགེ་འོས་སློབ་ཆེན་གྱིས་དགེ་རྒན་5ལ་ཆེད་མངགས་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་པའི་ནང་། དེང་རབས་སློབ་གསོའི་རིགས་པའི་གཞུང་ལུགས་དང་། སློབ་ཁྲིད་ཐབས་ཇུས། སློབ་ཚན་ཇུས་འགོད་སོཌ་ཕྱོཌ་མང་པོ་ཚུད་ཡོད་པ་རེད། དུས་མཚུངས་སུ་བོད་ལྗོངས་ཁུལ་གྱི་སློབ་གསོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། བོད་རིགས་སློབ་མར་དམིགས་པའི་སློབ་ཁྲིད་བྱེད་སྟངས་དང་སེམས་ཁམས་བདེ་ཐང་སློབ་གསོ་སོགས་ཀྱི་ནང་དོན་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།