དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་འགོ་ཚུགས་པ།

    ཕྱོགས་ཡོངས་ནས་ཚོང་གཉེར་ཁོར་ཡུག་གི་ལེགས་ཆ་གསར་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གཟུགས་བརྙན་གསར་པ་ངོམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    འདི་ནི་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་དྲན་རྟེན་པར་རྒྱག་བཞིན་པ།

    ཟླ་3ཚེས་31ཉིན་གྱི་དགོང་མོ། དགའ་སྤྲོའི་གླུ་གར་ཁྲོད་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་འགོ་ཚུཊ་པ་རེད།

    འགོ་ཚུཊ་མཚན་ཚོཊ་སུ་གར་སྟེགས་ཐོག་འཁྲབ་སྟོན་པས་བློ་རྩེ་གཅིག་སྒྲིམ་གྱིས་འཁྲབ་སྟོན་བྱེད་པ་དང་གར་སྟེཊ་འོག་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་ཁེངས་ཤིང་། གླུ་གར་གྱི་ཁྲོད་ནས་མི་རྣམས་ཀྱིས་ཉིང་ཁྲིའི་མཛེས་ལྗོངས་ལ་མྱོང་རོལ་ཐུབ་པ་མ་ཟད། ད་དུང་ཉིང་ཁྲིའི་ཕུན་སུམ་ཚོཊ་པའི་མི་རིཊ་རིག་གནས་ཀྱང་ཤེས་རྟོཊ་ཐུབ་ཡོད།

    ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་20བསྟུད་མར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། ལོ་20ཡི་རིང་གི་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རང་སྐྱོང་ལྗོངས་ཀྱི་སྤུས་རྟགས་རིག་གནས་ཡུལ་སྐོར་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་གལ་ཆེན་གྱི་གྲས་སུ་གྱུར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱིས་ཀོང་པོའི་ཚོང་རའི་སྤྱི་གླིང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་རྫོང7(ཆུས་དང་གྲོང་ཁྱེར)དུ་ཡན་ལག་ཚོགས་ར་བཙུགས་ནས་ཞིམ་ཟས་མྱོང་རོལ་དང་། ཡུལ་སྐོར་པར་རྒྱག དམངས་སྲོལ་མྱོང་རོལ། ཐོན་རྫས་འགྲེམས་ཚོང་། རིག་རྩལ་སྐོང་འཁྲབ། ཁམ་བུའི་མེ་ཏོག་གི་རོལ་དབྱངས་དུས་ཆེན། བརྗོད་དོན་གཙོ་བོའི་པར་རྒྱག་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤུས་དག་ཇུས་འགོད་ཞིབ་ཚགས་བྱས་པར་ནང་དོན་ཕུན་སུམ་ཚོགས་ལ་བཀྲག་མདངས་འཚེར་ས་མང་པོ་ཡོད། ཉིང་ཁྲིའི་ཚོང་གཉེར་ཁོར་ཡུག་གི་ལེགས་ཆ་གསར་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གཟུགས་བརྙན་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་དེ“གཉིས་འགུག་གཉིས་འདྲེན”ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།