དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་3པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས་50.8%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-02

    ▲ ཟླ་གསུམ་པར་ཀྲུང་གོ་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས་50.8%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.7འཕར་བ།

    ▲ མངགས་ཐོ་གསར་པའི་སྟོན་གྲངས་53%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་4འཕར་བ།

    ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུའི་ལས་རིགས་བརྟག་དཔྱད་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་གསུམ་པར་ཀྲུང་གོ་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)50.8%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.7འཕར་ནས་བཟོ་སྐྲུན་ལས་རིགས་ཀྱི་མདུན་ལམ་ཡངས་སུ་ཕྱིན་ཡོད་པ་རེད། རྣམ་གྲངས་དབྱེ་བའི་སྟོན་གྲངས་ཀྱི་འགྱུར་ལྡོག་ལས་མངོན་པར། ཁྲོམ་རའི་མཁོ་སྤྲོད་མཐུན་སྦྱོར་ངང་འཕར་བ་དང་། ལས་རིགས་ཆེ་གྲས་བཞི་མཉམ་འགུལ་ངང་འཕར་བ། ཁེ་ལས་ཆེ་འབྲིང་ཆུང་གསུམ་ལེགས་སུ་ཕྱིན་པ། སྤྱི་ཁོག་དཔལ་འབྱོར་སྤྱི་ཡོངས་ནས་བསྐྱར་འཕར་དང་ལེགས་སུ་ཕྱིན་ཡོད།

    ཟླ་བ་3པར་ནང་མཁོ་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་དེ་བས་ཡག་པོ་བྱེད་པ་དང་ཆབས་ཅིག་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་སོགས་ཀྱི་སྲིད་ཇུས་བརྟན་གཏོང་ལ་ཤུགས་རྒྱག་པར་སྐུལ་འདེད་བཏང་བས། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་དུས་མཚུངས་ཕྱི་ཕྱོགས་ཀྱི་དགོས་མཁོ་ཡང་ལེགས་སུ་ཕྱིན་པ་དང་ཁྲོམ་རའི་དགོས་མཁོ་ཅུང་ལེགས་པའི་ངང་ཆེ་རུ་ཕྱིན་ཡོད། མངགས་ཐོ་གསར་པའི་སྟོན་གྲངས་53%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་4འཕར་བ་དང་འཕར་ཚད་ཅུང་མངོན་གསལ་དོད་པོ་ཡོད་པ་དང་། ཕྱིར་གཏོང་མངགས་ཐོ་གསར་པའི་སྟོན་གྲངས་51.3%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་5འཕར་ནས་བར་མཚམས་རྒྱ་སྐྱེད་སླར་གསོ་བྱུང་ཡོད་པ་རེད།

    དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཚར་བ་དང་ཆབས་ཅིག་ཟླ་3པར་ས་གནས་ཁག་གི་ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་མྱུར་པོ་བྱས་པས། དགོས་མཁོ་ཆེ་རུ་ཕྱིན་ནས་ཁེ་ལས་ཀྱི་ཐོན་སྐྱེད་འདུན་པ་ཆེ་རུ་འགྲོ་བར་སྐུལ་ཁྲིད་ཐུབ་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་བྱེད་སྒོ་སྤེལ་རྒྱ་ཆེ་རུ་ཕྱིན་ཡོད། ཐོན་སྐྱེད་ཀྱི་སྟོན་གྲངས་52.2%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་2.4འཕར་ཡོད་པ་རེད། མ་བཅོས་རྒྱུ་ཆ་ཉོ་སྒྲུབ་བྱེད་སྒོ་འཁྲུག་ཆ་དོད་ཙམ་ཡོད་པ་དང་། ཉོ་སྒྲུབ་བྱེད་ཚད་ཀྱི་སྟོན་གྲངས་དང་ནང་འདྲེན་སྟོན་གྲངས་52.7%དང་50.4%སོ་སོར་ཟིན་ནས་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་4.7དང་4འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།