དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀུའེ་ཀྲོའུ་ཡི་ཚན་རྩལ་ཆེད་མངགས་པ་ཆིག་སྟོང་ལྷག་ཙམ་གཞི་རིམ་དུ་ཞབས་འདེགས་ཞུ་བར་བསྐྱོད་པ།

    འདི་ལོ“ཁྲིམས་མིའི་ཚན་རྩལ་ཆེད་མངགས་པ”མང་དུ་གཏོང་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-02

     གསར་འགོད་པར་ཀུའེ་ཀྲོའུ་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཞིང་ཆེན་ཚན་རྩལ་ཐིང་གིས་འབྲེལ་ཡོད་མཐོ་སློབ་དང་སློབ་གླིང་སོགས་ཚན་པ་ནས་འདེམས་སྒྲུག་བརྒྱབ་པའི་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་མངགས་པ་1200ཟླ་བ་གསུམ་པའི་ཟླ་དཀྱིལ་དུ་གཞི་རིམ་དུ་ཚན་རྩལ་ཞབས་འདེགས་ཞུ་བར་བསྐྱོད་པ་རེད། དེ་སྔ་དང་མི་འདྲ་བར་ཚན་རྩལ་ཆེད་མངགས་པའི་སྟོབས་ཤུགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་དེ་བས་གནད་སྨིན་གྱི་མཛུབ་ཁྲིད་ཞབས་འདེགས་ཞུ་ཆེད། ཀུའེ་ཀྲོའུ་ཡིས་འདི་ལོ་གྲོང་ཁྱེར(ཀྲོའུ)ཚང་མར“ཁྲིམས་མིའི་ཚན་རྩལ་ཆེད་མངགས་པ”མང་དུ་གཏོང་རྩིས་ཡོད་པ་རེད།

    2023ལོར་ཀུའེ་ཀྲོའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར(ཀྲོའུ)རིམ་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ་2043འདེམས་མངགས་བྱས་པ་དེའི་ནང་ཞིང་ཆེན་རིམ་པའི་མི་1200དང་གྲོང་ཁྱེར(ཀྲོའུ)རིམ་པའི་མི་843གཞི་རིམ་དུ་བསྐྱོད་ནས་ཞབས་འདེགས་ཞུས་ཏེ་ཚན་རྩལ་ཞབས་ཞུ་སྲིད་འཛིན་གྲོང་ཚོ་ཚང་མར་ཕྱོགས་ཡོངས་ནས་ཁྱབ་ཐུབ་པ་བྱུང་ཡོད། མིག་སྔར་2024ལོར་གྲོང་ཁྱེར(ཀྲོའུ)རིམ་པའི་ཚན་རྩལ་ཆེད་མངགས་པ་འདེམས་མངགས་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།