དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་དང་དངོས་སྒྲུབ་པ་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲུང་དབྱིན།   |     སྤེལ་དུས།  2024-04-02

    “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་དང་དངོས་སྒྲུབ་པ་ཡག་པོ་བྱེད་དགོས”ཞེས་པའི་ཚིག་དུམ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་གསལ་པོ་ཞིག་རེད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་མཇུག་འགྲིལ་ནས་གཟའ་འཁོར་གཅིག་ཀྱང་མ་སོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་གནང་བར་ཕེབས་པ་མ་ཟད། ཁྲང་ཧྲ་རུ་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས“ས་གནས་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་གཙོ་གནད་ལས་དོན་གྱི་ལས་འགན་དང་སྒྱུར་བཅོས་ཀྱི་དོན་ཚན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

    དུས་རབས་གསར་པ་ཤར་ཚུན། རང་རེའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཡུན་རིང་ཐག་གཅོད་ཐུབ་མེད་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་པ་དང་། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་ཞིག་སྒྲུབ་ཐུབ་མིན་གྱི་འགག་རྩ་དེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཀོད་སྒྲིག་ལ་དམ་འཛིན་དང་། དོན་འཁྱོལ་ལ་དམ་འཛིན། ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བཅས་བྱས་ཏེ་རྒྱལ་ཁ་མཐར་ཕྱིན་པ་མ་ཐོབ་བར་དམག་རྒྱག་མཚམས་མི་འཇོག་པའི་ཆོད་སེམས་དང་ཐུག་ཡོད། རྒྱང་ལམ་གསར་པར་ང་ཚོའི་མདུན་ལམ་ནི་འོད་སྟོང་འཕྲོ་བ་ཞིག་ཡིན་མོད། འོན་ཀྱང་རྐང་འོག་གི་ལམ་བུ་རྦད་དེ་བདེ་པོ་ཡོང་མི་སྲིད། སྔོན་གཏན་འཁེལ་བའི་འབད་འཐབ་དམིགས་ཚད་ལ་དམིགས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་དང་དངོས་སྒྲུབ་པ་ཡག་པོ་མཐའ་གཅིག་ཏུ་བྱས་ཚེ་གཞི་ནས་འགག་སྒྲོལ་དཀའ་སེལ་ཁྲོད་བྱ་གཞག་སྒྲུབ་ཐུབ་པ་དང་མཆོང་ཕོད་པ་དང་སྒྲུབ་ཕོད་པའི་ཁྲོད་ལམ་བུ་གསར་པ་གཏོད་ཐུབ།

    འདི་ལོ་ཚུན་དུ། 《ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཕྱི་ཕྱོགས་མ་དངུལ་ནང་འདྲེན་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་བྱ་སྤྱོད་ཇུས་གཞི》བཀྲམ་པ་ནས་སྒྲིག་ཆས་གསར་བརྗེས་དང་། འཛད་རྫས་རྙིང་པ་གསར་པར་བརྗེ་བ། ཚུར་བསྡུ་བསྐྱར་སྤྱོད། ཚད་གཞི་མཐོར་གཏོང་བཅས་བྱ་སྤྱོད་ཆེན་པོ་བཞི་བཀོད་སྒྲིག་ལག་བསྟར་བྱེད་པའི་བར་དང་། དེ་ནས་མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་ལ་ཞིབ་འཇུག་སྤྱི་འདོམས་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་སྒྲིལ་གྱི་སྟབས་བདེའི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་བར་སོགས་ཏན་ཏིག་གི་བྱ་སྤྱོད་དེ་དག་ལ་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པས་མི་རྣམས་ལ་གདེང་ཚོད་དང་སྟོབས་ཤུགས་སྦྱིན་ཐུབ། བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་ཡག་པོ་ཞིག་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཕན་ནུས་ཆེ་རུ་ཤུགས་ཆེན་བཏང་ཚེ་གཞི་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་ཐུབ་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པས་འཆར་འགོད་བྱས་པའི་བརྗིད་ཆེའི་འཆར་གཞི་གོམ་པ་རིམ་འགྲོས་ཀྱིས་དོན་དངོས་སུ་འགྱུར་ཐུབ། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ལུས་ཚུགས་ཐུབ་པར་བྱས་ནས“ཨར་ལས་རུ་དཔོན”ཡག་པོ་བྱས་ཏེ། ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་། ལས་ཀའི་གོ་སྐབས་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ། ཁ་ཚ་དགོས་གཏུག་གི་ལས་ཀ་ཁ་བཤད་ལག་བསྟར་དང་མྱུར་སྒྲུབ་དམ་འཛིན་བྱེད་དགོས་པ་ལས། དལ་དལ་ལྷོད་ལྷོད་དང་ནར་འགྱངས་གཏན་ནས་བྱེད་མི་རུང་། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་འབྲེལ། “ལས་ཀ་ཚང་མར་གདེང་ཚོད་ཡོད་པའི”བྱ་སྤྱོད་དུ་དངོས་སུ་བསྒྱུར་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མཐའ་མའི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་ཀྱི་འདོད་འདུན་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པའི་འགན་ལེན་བྱེད་དགོས།

    འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕན་ཡོད་ཀྱི་གོ་སྐབས་ཡོད་ཚད་དམ་འཛིན་དང་མཐུན་རྐྱེན་ཡོད་ཚད་སྤྱད་དེ། འཕྱུགས་པ་མེད་ཚེ་མགྱོགས་མྱུར་བསྒྲུབས་ནས་ཕྱོགས་གང་ཅིའི་ཐད་ཀྱི་ངར་ཤུགས་འཕེལ་བར་བྱེད་དགོས”ཞེས་བསྟན་གནང་ཡོད། དམ་པ་དོན་གཉེར་གྱི་སྟོན་ཕྱོགས་བཙུགས་ཏེ། ཇི་མ་ཇི་བཞིན་དོན་འཁྱོལ་ལ་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་ལྟར་དོན་འཁྱོལ་ལ་དམ་འཛིན། དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་དམ་འཛིན། སྒྲུབ་ཕོད་པ་དང་སྒྲུབ་མཁས་པོས་དོན་འཁྱོལ་ལ་དམ་འཛིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བཅས་བྱས་ཚེ། ང་ཚོས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་གཏོད་ཐུབ་ངེས་ཡིན་ལ་ཀྲུང་གོའི་འཕེལ་རྒྱས་དེ་རླུང་བརྟེན་རླབས་གཤགས་ཐུབ་པ་དང་འབྱུང་འགྱུར་ལ་རེ་བས་ཁེངས་པ་ཞིག་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།