དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཚལ་འདེབས་ཞིང་པའི་ཆེད་སྤྱོད་ལྕགས་ལམ”ལས་གྲོང་ཁྱེར་གྱི་དྲོ་སྐྱིད་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-02

    ཁྲུང་ཆིང་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཨང་4པའི་དུས་ཐེངས་གཉིས་པ་ནི་ཁྲུང་ཆིང་བྱང་རྒྱུད་ཀྱི་ཧྲི་ཀྲོང་གྲོང་རྡལ་དང་གྲོང་ཁུལ་འབྲེལ་མཐུད་བྱེད་པའི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཅིག་ཡིན་ཞིང་། 2022ལོའི་ཟླ་6པར་ཤར་གཏོང་ཐུབ་པ་དང་ལམ་ཐག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་32.8ཡོད། ས་འོག་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཞིང་པ་མང་པོ་ཞིག་ས་འོག་ལྕགས་ལམ་དུ་བསྡད་དེ་གྲོང་ཁྱེར་ནང་སྔོ་ཚལ་འཚོང་བར་འགྲོ་གི་ཡོད་པས་ས་འོག་ལྕགས་ལམ་དེར་ཚང་མས“སི་ར་འཁུར་མཁན་གྱི་ཆེད་སྤྱོད་ལྕགས་ལམ”ཞེས་འབོད་ཀྱི་ཡོད་པ་དང་། དེ་ལས་རི་ཀླུང་མཛེས་པའི་ཁྲུང་ཆིང་གྲོང་ཁྱེར་གྱི་དྲོ་སྐྱིད་མངོན་གྱི་ཡོད། འདི་ནི་ཟླ་3ཚེས་27ཉིན་གྱི་ཞོགས་པ་ཞིང་པས་ཁྲུང་ཆིང་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཨང་4པར་བསྡད་དེ་གྲོང་ཁུལ་གྱི་ཚལ་འཚོང་སར་ཞིང་ལས་ཐོན་རྫས་འཚོང་བར་སྐྱོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།