དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་།

    2022ལོར་གོ་ལ་ཧྲིལ་པོར་བཟའ་བཅའ་འཕྲོ་བརླག་གཏོང་ཚད་ཏུན་དུང་ཕྱུར་10ལས་བརྒལ་ཡོད་ཅེས་འཁོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-02

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་ཁྱབ་བསྒྲགས་བྱས་པའི་བཟའ་བཅའ་འཕྲོ་བརླག་བཏང་བའི་སྟོན་གྲངས་ཀྱི་སྙན་ཞུ་གསར་ཤོས་ལས་མངོན་པར། 2022ལོར་གོ་ལ་ཧྲིལ་པོར་བཟའ་བཅའ་ཏུན་དུང་ཕྱུར་10.5འཕྲོ་བརླག་བཏང་ཡོད་པས་བཟའ་བཅའ་འཕྲོ་བརླག་དང་གྱོང་གུན་ལ་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད་པ་རེད།

    ཟླ་3ཚེས་30ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི“རྒྱལ་སྤྱིའི་ཟོག་རོ་མེད་པའི་ཉིན་མོའི”སྔ་ནུབ་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུས《བཟའ་བཅའ་འཕྲོ་བརླག་བཏང་བའི་སྟོན་གྲངས་ཀྱི་སྙན་ཞུ་2024》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་2022ལོར་གོ་ལ་ཧྲིལ་པོའི་མི་རེས་ཆ་སྙོམས་བཟའ་བཅའ་སྤྱི་རྒྱ་132འཕྲོ་བརླག་བཏང་བ་དེས་འཛད་སྤྱོད་པར་ཐོབ་པའི་བཟའ་བཅའི་བསྡོམས་འབོར་གྱི་ལྔ་ཆ་གཅིག་བཟུང་ཡོད། མིག་སྔར་འཛམ་གླིང་ཐོག་སྔར་བཞིན་མི་དུང་ཕྱུར་7.83བཀྲེས་ལྟོགས་ཀྱིས་མནར་བཞིན་ཡོད་པ་དང་། འཕྲོ་བརླག་བཏང་བའི་བཟའ་བཅའ་དེ་དག་ལ་ཚོད་སྐོར་དམའ་ཤོས་བྱས་ནའང་བཟའ་རུང་བའི་ཆ་ཤས་དེ་དག་གིས་འཛམ་གླིང་ཐོག་བཀྲེས་ལྟོགས་ཀྱི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་མི་རེར་ཉིན་རེར་ལྟོ་ཐེངས་གཅིག་ལྷག་ཙམ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་ཅེས་འཁོད་ཡོད།

    སྙན་ཞུའི་ནང་བཟའ་བཅའ་འཕྲོ་བརླག་གཏོང་བའི་གནད་དོན་འབྱོར་ཕྱུག་རྒྱལ་ཁབ་ཁོ་ནར་ཐོན་པ་མ་ཡིན་པར་དོན་དངོས་ཐོག་ཡོང་འབབ་ཆུ་ཚད་མཐོ་དམན་ཚང་མར་བཟའ་བཅའ་འཕྲོ་བརླག་གཏོང་ཚད་ཧ་ཅང་ཚབས་ཆེན་པོ་ཡོད། ཁྱིམ་ཚང་ནང་གི་བཟའ་བཅའ་འཕྲོ་བརླག་འགྲོ་བའི་གནས་ཚུལ་དེ་བས་ཚབས་ཆེ་བ་ཡོད། 2022ལོར་གོ་ལ་ཧྲིལ་པོར་འཕྲོ་བརླག་བཏང་བའི་བཟའ་བཅའི་ནང་གི་60%ཁྱིམ་ཚང་ནས་ཐོན་པ་དང་། 28%བཟའ་བཏུང་ཞབས་ཞུའི་ལས་རིགས་ནས་ཐོན་པ། 12%སིལ་འཚོང་ལས་རིགས་ནས་ཐོན་ཡོད་ཅེས་འཁོད་ཡོད།

    སྙན་ཞུའི་གྲངས་གཞི་ལས་མངོན་པར། བཟའ་བཅའི་གྱོང་གུན་དང་འཕྲོ་བརླག་ལས་ཐོན་པའི་དྲོད་ཁང་རླངས་གཟུགས་འབུད་ཚད་ཀྱིས་གོ་ལ་ཧྲིལ་པོའི་ལོ་འཁོར་གྱི་འབུད་ཚད་ཀྱི་8%ནས་10%བར་བཟུང་བ་དེ་མཁའ་འགྲུལ་ལས་རིགས་ཀྱི་འབུད་ཚད་ཀྱི་ལྡབ་5ཡིན་པ་རེད། སྙན་ཞུའི་ནང་སྲིད་ཇུས་བཟོས་ནས་རིམ་པ་ཁག་ཏུ་བཟའ་བཅའ་འཕྲོ་བརླག་གཏོང་བའི་གནད་དོན་ཐག་གཅོད་བྱེད་པ་དང་འབྲེལ་དེ་སྦགས་བཙོག་དང་། གནམ་གཤིས་འགྱུར་ལྡོག འཚོ་གནས་ཁུལ་ཤོར་བ་བཅས་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་བྱ་སྤྱོད་འཆར་གཞི་ནང་འཇུག་དགོས་པའི་གྲོས་འགོ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།