དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་གྲངས་འཛིན་དར་གོས་ལམ་བུའི་འཕེལ་རྒྱས་གླེང་སྟེགས་ཀྱིས“ཕན་ཚུན་སྦྲེལ་མཐུད་དང་ཐུན་མོང་དར་རྒྱས”ལ་དམིགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གསར་འགོད་པར་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ཕན་ཚུན་སྦྲེལ་མཐུད་དང་ཐུན་མོང་དར་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་གྲངས་འཛིན་དར་གོས་ལམ་བུའི་འཕེལ་རྒྱས་གླེང་སྟེགས་ཀྱིས“གྲངས་འཛིན་དྲ་སྦྲེལ་གྱིས་དར་གོས་ལམ་བུ་མཉམ་སྐྲུན”དང་། “དར་གོས་ལམ་བུའི་དྲ་ཐོག་ཚོང་དོན་གྱི་རྒྱལ་སྤྱིའི་མཉམ་ལས”“གྲངས་འཛིན་གྲོང་གསེབ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”བཅས་གྲོས་དོན་ཁག་གསུམ་ལ་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་རྒྱ་ཁྱབ་བྱ་རྒྱུ་ཡིན་པ་རེད།

    འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་དྲུང་ཆེ་རེན་ཞན་ལེང་གིས་ཚོགས་འདུའི་ཐོག ད་ཐེངས་ཀྱི་གླེང་སྟེགས་ནི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱིས“གྲངས་འཛིན་དར་གོས་ལམ་བུར”དམིགས་ནས་ཆེད་དོན་རང་བཞིན་གྱི་གླེང་སྟེགས་བྱེད་སྒོ་སྤེལ་ཐེངས་དང་པོ་དེ་རེད། གླེང་སྟེགས་འཚོག་རིང་ཚོགས་མིའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོག་རྒྱུ་དང་ཆབས་ཅིག འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་གྲངས་འཛིན་སློབ་གླིང་གི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་དང་། གྲངས་འཛིན་དར་གོས་ལམ་བུའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཟབ་སྦྱོང་འཛིན་གྲྭ་གཉེར་བ། ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་བཅས་བྱས་ནས་གྲངས་འཛིན་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་གྲངས་འཛིན་དར་གོས་ལམ་བུའི་འཕེལ་རྒྱས་གླེང་སྟེགས་དེ་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱིས་གཙོ་གཉེར་དང་ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་བ་དང་ཟླ་4ཚེས་16ཉིན་ཧྲའན་ཤིས་ཤིས་ཨན་དུ་འཚོག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།