དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གླུ་ལེན་གར་འཁྲབ་བྱས་ནས་གསོན་ཤུགས་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    ཆུ་ཤུར་རྫོང་གི་སྣ་མང་ཕུན་སུམ་ཚོགས་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་གླུ་གར་གྱི་རྩལ་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མི་སྤྱི་ཅུས་ཀྱིས་དུས་ཐེངས་དང་པོའི་མི་རིགས་གླུ་གར་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། གཟིགས་འབུལ་འཁྲབ་སྟོན་གྱི་ཉིན་དེར་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་གར་སྟེགས་ཐོག་གླུ་ལེན་གར་འཁྲབ་བྱས་ནས་དེར་ཡོང་བའི་ལྟད་མོ་བར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་ལེ་ཚན་མང་པོ་ཞིག་འཁྲབ་སྟོན་བྱས་པ་མ་ཟད། ཆུ་ཤུར་རྫོང་གི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། འདི་ནི་གཟིགས་འབུལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།