ན་ནིང་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་89.87ཟིན་པ།
ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་651བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པས་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་89.87ཟིན་པ་དེ་དུས་མཚུངས་ལས་42%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་651བྱུང་བ་དེ་དུས་མཚུངས་ལས་60%འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས“གཤམ་སྤེལ་བཞི”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “འདུ་འགོད་ཆེན་པོ་བརྒྱད”དང“བྱ་སྤྱོད་ཁག་ལྔ”ལག་བསྟར་བརྟན་པོ་བྱེད་པ། “ཏང་གི་བཀའ་དྲིན་ལ་བསྟོད་པ། སྲོག་ཤིང་ལ་བསྟོད་པ། མི་དམངས་ལ་བསྟོད་པ”ཞེས་པའི་སྒྱུ་རྩལ་ཏང་གི་སློབ་ཚན་དང“རིག་གནས་ཀྱིས་བརྒྱན་པའི་བོད་ལྗོངས”ཞེས་པའི་ཏང་གི་སློབ་ཚན་ཁག་175གསར་གཏོད་ལྡན་པའི་སྒོ་ནས་ཁྲིད་པ་ལས་དྲ་ཐོག་དང་དྲ་གཤམ་ནས་ལྟ་ཉན་བྱེད་མཁན་མང་ཚོགས་མི་ཐེངས་ཁྲི་30ཟིན་ཡོད། རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་། གནའ་དཔེ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས། རིག་དངོས་བཤམས་སྟོན་ཁང་བཅས་ཀྱིས་གཙོ་གནད་དགོན་སྡེ་9རུ་ཡན་ལག་ཁང་འཛུགས་པར་སྐུལ་འདེད་བཏང་བ་དང་། རྫོང་རིམ་པའི་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་གི་སྤྱི་ཁྱབ་ཡན་ལག་ཁང་23བཙུགས་པ། སྤྱི་པའི་རིག་གནས་ཀྱི་བར་མཐོངས་གསར་པ་ཁག་10གསར་དུ་བསྐྲུན་པ། གྲོང་ཚོ་རིམ་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོའི་དཔེ་སྟོན་ཁུལ་100སྲ་བརྟན་གོང་མཐོར་བཏང་བ། རང་སྐྱོང་ལྗོངས་རིམ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་རྫོང་(ཁུལ)7འཛུགས་གཏོད་ཀྱི་ལས་དོན་བརྟན་པོའི་ངང་ལག་བསྟར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རིག་གནས་དང་ཡུལ་སྐོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་8.7དོན་འཁྱོལ་བྱས་ཏེ་རིམ་རྩིས་བྱས་ན་མ་འཇོག་79.3%ལེགས་སྒྲུབ་བྱས་པ་དང་ཚོང་འགུགས་མ་འདྲེན་བྱས་པའི་རྣམ་གྲངས་ཁག་19སྐྲུན་འགོ་ཚུགས་ཡོད། དཔལ་ལྡན་དབང་ཕྱུག་དང་རིན་ཆེན་དོན་གྲུབ་སོགས་སྒྱུ་རྩལ་མཁས་ཅན་མང་པོ་དང་། མཉམ་སྒྲོག་རོལ་དབྱངས《གུ་གེ》སོགས་ཕུལ་བྱུང་གི་ཟློས་གར་རྣམ་གྲངས་མང་པོ་ཞིག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ། “ང་ཚོའི་དུས་ཆེན”དང་། “དུས་བཞི་གྲོང་ཚོའི་དགོང་ཚོགས” རིག་གནས་མཐའ་མཚམས་སུ་སྤེལ་བ་སོགས་ཀྱི་དྲ་ཐོག་དང་དྲ་གཤམ་གྱི་རིག་གནས་དམངས་ཕན་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་12ལྷག་ཙམ་སྤེལ་བ་ལས་མང་ཚོགས་མི་ཐེངས་ཁྲི་5000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་ཁུལ་1དང་། རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་4 རྒྱལ་ཁབ་ཀྱི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི་1 རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་1 རྒྱལ་ཁབ་ཀྱི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འདུ་འཛོམས་ཁུལ་2རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་9གྲུབ་འབྲས་ཐོབ་པའི་ངང་བཏོད་པ། རྒྱལ་ཁབ་རིམ་པའི་ཤེས་དཔལ་ཡུལ་སྐོར་དཔེ་སྟོན་ཚན་པ་2གསར་དུ་བཙུགས་ཡོད་པ་རེད།