དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • 2024ལོའི་ལོ་འཁོར་དུ་ཅང་སུའུ་ཡི་བོད་སྐྱོར་མ་དངུལ་ཁྱོན་སྒོར་དུང་ཕྱུར་5.57ཟིན་པ།

    བོད་སྐྱོར་རྣམ་གྲངས་ཁག་66ལག་བསྟར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    ཉེ་ཆར། གསར་འགོད་པར་2024ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཀྱི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཅང་སུའུ་ཡིས་བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་ལོ་འཁོར་གྱི་མ་དངུལ་ཁྱོན་སྒོར་དུང་ཕྱུར་5.57ཟིན་ནས་བོད་སྐྱོར་རྣམ་གྲངས་ཁག་66ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་ནང་ཐོན་ལས་རོགས་སྐྱོར་གྱིས་ལས་ཞུགས་ལ་སྐུལ་སྤེལ་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས། རིག་གནས་སློབ་གསོའི་རོགས་སྐྱོར། ལས་བྱེད་པ་དང་ཤེས་ལྡན་པའི་སྤེལ་རེས་མཉམ་ལས་སོགས་ཚུད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཁྲོད་ནས་གཞི་རིམ་དང་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཀྱིས་83%དང་92%བཟུང་ཞིང་། དེའི་ནང་སྟག་རྩེ་ཆུས་པད་ནག་ལུང་ཤུར་གྱི་ས་མཐོའི་སྐྱེ་ཁམས་ཡུལ་སྐོར་དང་མལ་གྲོ་གུང་དཀར་རྫོང་གི་པད་ཁའི་སྣུམ་ཐོན་ལས་ཀྱི་མ་དཔེར་གྱུར་པ་དང་། མལ་གྲོ་གུང་དཀར་རྫོང་སྐལ་བཟང་མེ་ཏོག་ཐོན་ལས་གླིང་དང་ལྷུན་གྲུབ་རྫོང་སྐལ་བཟང་ཐང་ཞིང་འབྲོག་ཐོན་ལས་གླིང་སོགས་རོགས་སྐྲུན་གླིང་གིས་ཁེ་ལས་30ལྷག་ཙམ་སྐྱེད་སྲིང་བྱས་པ་དང་ལས་མི་3000ཙམ་བསྡུས་པ། ཚལ་སྣ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དེ་ཉིད་བོད་དུ་ཡོད་པའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་པོར་གྱུར་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།