དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་བུད་མེད་ཀྱིས་སྟོབས་ཤུགས་སྐྱེས་སུ་འབུལ་བ།

    ལས་ཞུགས་མི་སྣའི་ཁྲོད་དུ་བུད་མེད་ཀྱིས་40%ཡན་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤེལ་བའི“བདེ་སྐྱིད་ཀྱི་བོད་ལྗོངས། རླབས་ཆེན་གྱི་འཕོ་འགྱུར”ཞེས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ལས་ཞུགས་ཐུབ་པའི་མི་འབོར་ཁྲོད་ནས་བུད་མེད་ཀྱིས་40%ཡན་བཟུང་བ་དང་། སྦྲུམ་མ་དང་ཕྲུ་གུ་སྐྱེ་མ་ཐག་པའི་སྐྱེད་མ་འཆི་ཚད་ཞི་བའི་བཅིངས་འགྲོལ་གཏོང་སྐབས་ཀྱི་5000/ཁྲི་10ནས་45.8/ཁྲི་10བར་ཆག་པ་དང་། ཕྲུ་གུ་དམར་འབྱར་འཆི་ཚད་430‰ནས་7‰བར་ཆག་སྟེ། བོད་ཀྱི་བུད་མེད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་འཛུགས་སྐྱོང་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། ས་མཐོའི་བུད་མེད་ཁྲི་170ལྷག་ཙམ་གྱིས་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་65ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་བུད་མེད་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད་ཡོད། མིག་སྔར། རང་ལྗོངས་ཀྱི་བུད་མེད་གཞུང་ལས་པས་གཞུང་ལས་པའི་བསྡོམས་འབོར་གྱི་33.2%བཟུང་བ་དང་། རང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་བཅས་ནང་བུད་མེད་ཀྱི་བསྡུར་ཚད་36.6%དང་། 29.1% 22.6%བཅས་སོ་སོར་ཟིན་པ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས་མཁན་འཐུས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ནང་བུད་མེད་ཀྱིས་བསྡུར་ཚད་བཟུང་ཚད་17%དང་། 13.95% 9.36%བཅས་སོ་སོར་ཟིན་པ། ད་ཆ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ནང་བུད་མེད་ཀྱིས་བསྡུར་ཚད་བཟུང་ཚད་32.4%དང་། 30.4% 28.1%སོ་སོར་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། དེས་ན་བོད་ཀྱི་བུད་མེད་ཀྱིས་ཐབས་ཇུས་དང་དོ་དམ་ནང་ཞུགས་པའི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    དེ་དང་དུས་མཚུངས་བོད་ཀྱི་བུད་མེད་དང་བྱིས་པར་སློབ་གསོ་ཐོབ་པའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་བུད་མེད་འདྲ་མཉམ་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། མཐོ་རིམ་སློབ་གསོ་དཀྱུས་མ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་སོགས་ནང་བུད་མེད་ཀྱིས་སློབ་གྲྭར་འགྲོ་མུས་ཀྱི་བསྡུར་ཚད་ཀྱི་50%ཡན་ཟིན་གྱི་ཡོད། གྲངས་གཞི་ལས་མངོན་དོན། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཏུ་བུད་མེད་ཞུགས་ཚད་100%ཟིན་པ་དང་། གྲོང་ཚོའི(སྡེ་ཁུལ)བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཏུ་ཞུགས་ཚད་100%ཟིན་པ། ལྗོངས་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་སྒྲུབ་དང་ལས་ཞོར་གྱི་ལས་དོན་པ་ཁྲི་4ལྷག་ཙམ་ཟིན་གྱི་ཡོད། དེ་དག་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནམ་ཕྱེད་ཀ་ཙམ་འདེགས་ཀྱི་ཡོད།

    གཞན་ཡང་བོད་ལྗོངས་ཀྱི་བུད་མེད་དང་། བྱིས་པ། ཕྲུ་གུ་དམར་འབྱར་བཅས་དེ་བས་བདེ་འཇགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྗོངས་ཡོངས་ཀྱི་སྦྲུམ་མ་སྨན་ཁང་ནང་བསྡད་ནས་ཕྲུ་གུ་སྐྱེ་ཚད་98.02%ཟིན་པ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་བུད་མེད་ཞུགས་ཚད་ཁྲི་117.73དང་ཁྲི་161.52ཟིན་པ་དང་། བྱིས་པའི་ཕན་བདེ་ཁང་11ཡོད། རྒྱ་ཆེའི་བུད་མེད་དང་བྱིས་པའི་འཚོ་བའི་ཆུ་ཚད་དང་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་སྦྲགས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།