དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཐེངས་33པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    ཟླ་3ཚེས་29ཉིན་གྱི་སྔ་དྲོ། “དཔྱ་ཁྲལ་གྱིས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་འབད”ཅེས་པ་བརྗོད་དོན་གཙོ་བོའི་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཐེངས་33པ་འགོ་ཚུགས་པའི་མཛད་སྒོ་དང“ནུས་ཕྱོད་ཆེ་བའི་ས་མཐོའི་ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    བཞུགས་མོལ་ཚོགས་འདུ་དེ་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། དེའི་དམིགས་ཡུལ་ནི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་གོ་སྐབས་སུ་བྱས་ཏེ་གྲུབ་ཆའི་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཞབས་འདེགས་དེ་བས་ཡག་པོ་ཞུས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་དེ་རེད། བཞུགས་མོལ་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་དང་། ཚན་རྩལ་གསར་གཏོད། གྲངས་འཛིན་ཐོན་ལས། ལྗང་མདོག་སྐྱེ་ཁམས། ས་གནས་ཀྱི་ཁྱད་ལྡན་ཁེ་ལས་བཅས་དང་དེ་བཞིན་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་གཙོ་བོ་དང“ཕྱིར་སྐྱོད་པའི”ཁེ་ལས་ཀྱི་འཐུས་མི་30ཡིས་ཁྲལ་དོན་སྡེ་ཚན་དང་བཞུགས་མོལ་སྤེལ་རེས་བྱས་པའི་ནང་ཁེ་ལས་བདུན་གྱི་འཐུས་མིས་ཐོན་སྐྱེད་ནུས་ཤུགས་གསར་མ་བརྗོད་གཞིར་བྱས་ནས་ཁེ་ལས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཁྲལ་བསྡུའི་རྒྱབ་སྐྱོར་དང་དེ་བཞིན་ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་ཁེ་ལས་འཕེལ་རྒྱས་ལ་ཁྲིད་སྟོན་ཇི་ལྟར་བྱ་རྒྱུའི་སྐོར་གླེང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།