ཁ་རུབ་ཆུས་ཀྱི་དྲ་མིག་པ་གྲོང་ཁྱེར་གྱི་ཞབས་ཞུའི་ལས་ལ་ཞུགས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་གྲོང་ཁུལ་གཙོ་བོས་དྲ་མིག་དོ་དམ་ཞིབ་ཚགས་དང་ཞབས་ཞུ་གནད་སྨིན་གྱི་ནུས་པ་གང་ལེགས་བཏོན་ནས་དྲ་མིག་དོ་དམ་པའི“མི་དང་། ས་ཆ། གནས་ཚུལ་བཅས་རྒྱུས་མངའ་ཡོད་པ”སོགས་ཀྱི་ལེགས་ཆ་སྤྱད་དེ། གྲོང་ཁྱེར་དོ་དམ་ཞབས་ཞུའི་ལས་དོན་ཁག་ཧུར་ཐག་སྤེལ་བས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་། བློ་ཡིད་ཚིམ་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།
ཁ་རུབ་ཆུས་ཀྱི་གྲོང་ཁུལ་གཙོ་བོའི་རིམ་ཁག་དྲ་མིག་པས“ཤོད་དགོས་པ་གཉིས”(མང་ཚོགས་ཀྱིས་ཤེས་དགོས་པའི་བརྡ་ཐོ་ཤོད་པ་དང་དམངས་ཕན་སྲིད་ཇུས་ཤོད་པ)ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། དྲ་ཐོག་དང་དྲ་ཕྱིའི་སྒྲོག་འགྲེལ་མཉམ་འདྲེས་ཀྱི་བྱ་ཐབས་སྤྱོད་པ་དང་། ལམ་བཟུང་ཚོང་གཉེར་ཚད་ལྡན་དང་ལམ་ཐིག་ཐོག་གློག་གསོག་རིགས་གཏན་འགོག་སོགས་ཀྱི་བརྡ་ཐོའི་བླང་བྱར་གཞིགས་པ། ཁོངས་གཏོགས་ཁུལ་གྱི་གྲོང་མིར་སྒྲོག་འགྲེལ་ཞིབ་ཚགས་བཅས་བྱས་ནས་མང་ཚོགས་ཚོས་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཏན་འབེབས་དང་བྱེད་ཕྱོགས་དང་སྲིད་ཇུས་ཁག་ཤེས་རྟོགས་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།