དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།

    (2024ལོའི་ཟླ་4ཚེས་1ནས་7ཉིན་བར)

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-04-01

    སྔོན་དཔག་བྱས་ན། གཟའ་འཁོར་འདིའི་ནང་ཤར་རྒྱུད་དུ་གངས་སམ་ཆར་པ་ཡང་ཡང་འབབ་རྒྱུ་དང་དབུས་ནུབ་རྒྱུད་དུ་ལྷགས་པ་ཆེན་པོ་རྒྱག་རྒྱུ་རེད་འདུག

    གཟའ་འཁོར་འདིའི་ཆར་པ་འབབ་ཚད། མངའ་རིས་དང་ཉིང་ཁྲིར་ཅུང་མང་བ་དང་དེ་མིན་ས་ཆ་གཞན་དག་ལ་རྒྱུན་གཏན་ལས་ཅུང་ཉུང་བ་ཡོད།

    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། མངའ་རིས་ཀྱི་ནུབ་རྒྱུད་དང་ཤར་རྒྱུད་དང་། ནག་ཆུའི་ནུབ་རྒྱུད་དང་དབུས་རྒྱུད་དུ་དྲོད་ཚད་དམའ་ཙམ་ཡོད་པ་དང་དེ་མིན་གྱི་ས་ཆ་གཞན་དག་ལ་རྒྱུན་གཏན་ལས་ཅུང་མཐོ་བ་ཡོད།

    གནམ་གཤིས་གཙོ་བོ་སྟོན་ཚུལ།

    ཚེས་1ནས་3ཉིན་བར། ཉིང་ཁྲི་དང་། ལྷོ་ཁའི་ཤར་རྒྱུད་དང་ལྷོ་རྒྱུད། ཆབ་མདོའི་ལྷོ་རྒྱུད་བཅས་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། མངའ་རིས་ཀྱི་ལྷོ་རྒྱུད་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ལྷ་སའི་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།

    ཚེས་4ནས་6ཉིན་བར། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་སུ་གངས་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ཆབ་མདོ་དང་ནག་ཆུར་གནམ་འཐིབས་ནས་གངས་ཡུད་ཙམ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    ཚེས་7ཉིན་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ནག་ཆུ་དང་། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།

    མངའ་རིས་དང་། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེ་བ་རིམ་པ་8ཡས་མས་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དང་ཆབ་མདོའི་བྱང་རྒྱུད་དུ་ལྷགས་པ་རིམ་པ་5ཡས་མས་ཡུད་ཙམ་རྒྱག་རྒྱུ།

    གཉིས། དོ་སྣང་བྱེད་དགོས་རིགས་དང་གྲོས་འགོ

    1.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་དུ་གངས་སམ་ཆར་པ་ཡང་ཡང་འབབ་རྒྱུ་ཡིན་པས། གངས་སམ་ཆར་པ་བསྟུད་མར་བབས་པ་ལས་ས་ཆ་ཁག་གཅིག་ཏུ་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད། གངས་རྡིབ་སོགས་ཞོར་ཐོན་གནོད་འཚེ་ཐོན་པར་འགོག་ཟོན་བྱེད་དགོས་པ་དང་། གངས་སམ་ཆར་པ་བབས་པ་ལས་གློག་ཤུགས་དང་། འཕྲིན་གཏོང་སྒྲིག་བཀོད། ལས་གྲྭ་གལ་ཆེན་འཛུགས་སྐྲུན་སོགས་ལ་ཤུགས་རྐྱེན་ཐེབས་པར་འགོག་ཟོན་ཡག་པོ་བྱེད་དགོས།

    2.གཟའ་འཁོར་འདིའི་ནང་གཞིས་རྩེ་དང་། ལྷོ་ཁ། ལྷ་ས་བཅས་ཀྱི་ཞིང་ཁུལ་དུ་ཆར་པ་ཉུང་བས་ཞིང་ཆུ་འདྲེན་པ་སོགས་ཞིང་ནང་དུ་གཡོག་བྱེད་ཡག་པོ་བྱེད་དགོས།

    3.དབུས་ནུབ་རྒྱུད་དུ་ལྷགས་པ་ཆེན་པོ་བརྒྱབ་པ་ལས་ཡར་ཀླུང་གཙང་པོའི་རོང་ཁུལ་དུ་བྱེ་རླུང་འཚུབ་པའི་གནམ་གཤིས་སྟོན་སླ་བས། འགྲིམ་འགྲུལ་དང་ཞིང་འབྲོག་ལས་ཐོན་སྐྱེད་སོགས་ལ་ཤུགས་རྐྱེན་ཐེབས་པར་འགོག་ཟོན་བྱེད་དགོས།

    4.གཟའ་འཁོར་འདིའི་ནང་ཆབ་མདོའི་ནགས་ཁུལ་ཁག་གཅིག་གི་ནགས་ཚལ་ལ་མེ་ཤོར་བའི་ཉེན་ཁ་ཅུང་ཆེ་བས། མེ་སྤྱོད་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་ནགས་ཚལ་གྱི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།