དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དཔྱིད་དཔལ་བཞད། མི་སེམས་སྐྱིད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-01

    འདི་ནི་ཡུལ་སྐོར་བས་རྒྱལ་རོང་བོད་རིགས་ཀྱི་དམངས་སྲོལ་འགྲེམས་སྟོན་ལ་ལྟ་བ་དང་པར་རྒྱག་བཞིན་པ།

    འདི་ནི་དར་མདོ་ནས་ཡོང་བའི་ཡུལ་སྐོར་བས་མེ་ཏོག་རབ་ཏུ་བཞད་པའི་ལི་སྡོང་འོག་ཞབས་བྲོ་འཁྲབ་བཞིན་པ།

    འདི་ནི་བོད་ཆས་སྤྲས་པའི་ཡུལ་སྐོར་བས་རྒྱལ་རོང་ཁྲོམ་གཞུང་དུ་འཆམ་འཆམ་བྱེད་བཞིན་པ།

    འདི་ནི་ཡུལ་སྐོར་བས་བོད་ཆས་གྱོན་ནས་དྲན་རྟེན་པར་རྒྱག་བཞིན་པ།

    ཉེ་དུས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་དུ་མེ་ཏོག་རབ་ཏུ་བཞད་ནས་ཡུལ་སྐོར་བ་མེ་ཏོག་ལ་ལྟ་བ་དང་རྒྱལ་རོང་བོད་རིགས་ཀྱི་དམངས་སྲོལ་རིག་གནས་ལ་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་གིས་དམངས་སྲོལ་གནས་ཚང་གི་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་སོགས་ཀྱི་སྲིད་ཇུས་བཏོན་ནས་དམངས་སྲོལ་གནས་ཚང་དང་དེ་བཞིན་འབྲེལ་ཡོད་ལས་རྣམ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མྱུར་པོ་བཏང་ཡོད། 2024ལོའི་ཟླ་དང་པོ་ནས་གསུམ་པའི་བར་རྫོང་དེར་ཡུལ་སྐོར་བ་མི་ཐེངས་ཁྲི་60ཙམ་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།