ཧྲན་ཏུང་གྲུ་ཁའི་རི་ཀྲའོ་གྲུ་ཁས་བྱང་ཕྱོགས་ཀྱི་ནུས་རྒྱུའི་ལྟེ་བའི་གྲུ་ཁ་ནུས་ཤུགས་ཡོད་རྒུས་བཏོད་པ།
ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་གྲུ་ཁའི་རི་ཀྲའོ་གྲུ་ཁས་སྐམ་མཚོ་མཉམ་འགུལ་དང་། ཤར་ནུབ་རོགས་རེས། ལྷོ་བྱང་འབྲེལ་མཐུད་བཅས་ས་བབ་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་བྱང་ཕྱོགས་ཀྱི་ནུས་རྒྱུའི་ལྟེ་བའི་གྲུ་ཁ་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། མིག་སྔར་ཏུན་ཁྲི་30རིམ་པའི་མ་བཅོས་རྡོ་སྣུམ་གྲུ་ཁ་4བསྐྲུན་ཡོད། 2024ལོའི་ཟླ་དང་པོ་དང་གཉིས་པར་རི་ཀྲའོ་གྲུ་ཁའི་རྡོ་སྣུམ་ཏུན་ཁྲི་1403དབོར་འདྲེན་ཐུབ་པ་དེ་དུས་མཚུངས་ལས་7.5%འཕར་ཡོད།
འདི་ནི་ཟླ་3ཚེས་29ཉིན། ཧྲན་ཏུང་གྲུ་ཁའི་རི་ཀྲའོ་གྲུ་ཁའི་ལན་ཧྲན་གྲུ་ཁུལ་གྱི་ཏུན་ཁྲི་30རིམ་པའི་རྡོ་སྣུམ་གྲུ་ཁར་གྲུ་གཟིངས་ཁ་བཀག་ནས་རྡོ་སྣུམ་འབེབས་བཞིན་པ།