དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་མི་དམངས་ཁྲིམས་ཁང་ཉན་ལི་ཕུའུ་ཁྲིམས་རས་སྡེ་ལས་ཀྱི་རྩོད་གཞི་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཅ་ཧྥུང་ཧྥུང་།   |     སྤེལ་དུས།  2024-03-31

    ཞོགས་པར་སྔ་པོ་ནས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཅིན་ཧྲུའེ་མཚེའུ་འགྲམ་ཁུལ་ཆུང་དོ་བདག་གི་སྐད་འཕྲིན་ཚོགས་པའི་ནང“དྲོད་རླངས་ཀྱི་མེ་ཤུགས་ཆེན་པོ་འདུག”དང་། “ཁོར་ཡུག་སྔར་བས་གཙང་སྦྲ་དོད་དུ་ཕྱིན་འདུག”“བར་ཁྱམས་སུ་ཅ་དངོས་སྤུངས་པ་མཐོང་རྒྱུ་མི་འདུག”སོགས་ཀྱི་ཆ་འཕྲིན་ཡང་སེ་འབྱོར་ཞིང་། དོ་བདག་ཧྥེང་ཞའོ་ཡུས་ཀྱི་བསྟོད་བསྔགས་ཀྱི་སྐད་ཆར་ཁྱིམ་མཚེས་མང་པོས་ཀྱང་གཅིག་མཇུག་གཉིས་མཐུད་ངང་མོས་མཐུན་བྱས་པ་རེད། ཁོང་གིས“དེ་དག་ཚང་མ‘ཁྱིམ་མཚེས་འཆམ་མཐུན’ཞེས་པའི་སྡེ་ལས་རྩོད་གཞི་འདུམ་འགྲིག་ལས་དོན་ཁང་གི་རོགས་རམ་ལ་བརྟེན་ནས་བྱུང་བ་རེད། གནས་ཚུལ་འདི་འདྲ་སྔོན་ཆད་ཡིན་ན་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་བརྗོད།

    ཟླ་ཤས་གོང་། སྡེ་ལས་ཀུང་སི་དང་དོ་བདག་དབར་གནས་ཚུལ་མང་པོ་ཞིག་གི་རྐྱེན་པས་རྩོད་གཞི་རྫོགས་རྒྱུ་མེད་པ་ཐོན་གྱི་ཡོད། དེའང་ཕྱོགས་གཅིག་ནས་སྡེ་ལས་ཀུང་སིའི་རིན་བསྡུའི་རྩིས་ཐོ་ཡོངས་བསྒྲགས་ཁ་གསལ་མེད་པ་དང་། སྡེ་ཁུལ་གྱི་གཙང་སྦྲ་ཡག་པོ་མེད་པ། བདེ་སྲུང་གི་བྱ་ཐབས་འཐུས་སྒོ་ཚང་པོ་མེད་ལ། ཕྱོགས་གཞན་ཞིག་ནས་དོ་བདག་མང་པོ་ཞིག་གིས་སྡེ་ལས་གྲོན་དངུལ་གཏན་ནས་སྤྲོད་ཀྱི་མེད་སྟབས། རྩོད་གཞི་བྱུང་ཞིང་། ཕྱོགས་གཉིས་མ་འཆམས་པར་འགལ་བ་ཇེ་ཆེར་སོང་ཡོད། ན་ནིང་གི་ཟླ་6པར། དེས་རྐྱེན་པས་སྡེ་ལས་ཀུང་སིས་སྡེ་ལས་གྲོན་དངུལ་འགྱངས་ཆད་བྱེད་མཁན་དོ་བདག་15ཁྲིམས་ལ་གཏུག་པ་རེད།

    ཁོངས་གཏོགས་ཁུལ་གྱི་གཞི་རིམ་ཁྲིམས་ར་ཆེ་གྲས་ཤིག་ཡིན་པའི་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་མི་དམངས་ཁྲིམས་ཁང་ཉན་ལི་ཕུའུ་ཁྲིམས་རའི་ལས་མིའི་ངོས་ནས་བརྗོད་ན། སྡེ་ལས་ཀྱི་རྩོད་གཞིའི་གྱོད་གཞི་ནི་ཐག་གཅོད་བྱེད་དཀའ་བ་ཞིག་རེད། “2020ལོའི་ཟླ་1ཚེས་1ཉིན་ནས་2023ལོའི་ཟླ་5པའི་བར། ང་ཚོས་ཁྱོན་སྡེ་ལས་ཞབས་ཞུའི་གན་རྒྱའི་རྩོད་གཞིའི་གྱོད་གཞི་179བདག་སྤྲོད་བྱས་པ་ཡིན”ཞེས་གྲོང་བྱང་ཆུས་མི་དམངས་ཁྲིམས་ཁང་ཉན་ལི་ཕུའུ་ཁྲིམས་རའི་ཁྲིམས་དཔོན་ཀྲང་ཡུང་ཕིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“སྡེ་ལས་ཞབས་ཞུའི་གན་རྒྱའི་རྩོད་གཞིའི་གྱོད་གཞི་འབོར་ཆེན་ཞིབ་གཅོད་བྱས་པ་བརྒྱུད། མ་གཞི་གྱོད་གཞི་དེ་དག་ཆེན་པོ་མིན་ནའང་མང་ཚོགས་མང་པོ་དང་འབྲེལ་བ་ཡོད་པའི་ཁར་སྡེ་ལས་ཞབས་ཞུའི་གན་རྒྱའི་རྩོད་གཞིའི་གྱོད་གཞི་དེ་དག་ཕལ་མོ་ཆེ་ས་ཁང་ཐོན་ལས་གསར་སྤེལ་ཁེ་ལས་དང་། དོ་བདག་ཨུ་ཡོན་ལྷན་ཁང་། སྡེ་ལས་ཀུང་སི། སྡོད་ཁང་འགན་སྲུང་དང་ས་ཁང་བདག་ཁོངས་དོ་དམ་ཅུས་སོགས་ཚན་པ་མང་པོ་དང་འབྲེལ་བ་ཡོད་པ་ང་ཚོས་ཤེས་རྟོགས་ཐུབ་བྱུང་། གལ་ཏེ་ལས་ཕྱོད་ཆེ་བའི་ལས་སྟེགས་དང་ཐབས་ལམ་ཤིག་མེད་ཚེ། གནད་དོན་ཆུང་ཆུང་ཡང་ཆེན་པོར་འགྱུར་སླ་བས། ཁྲིམས་འཛིན་གྱི་ཐོན་ཁུངས་འཕྲོ་བརླག་ཏུ་འགྲོ་བ་མ་ཟད། སྤྱི་ཚོགས་བཅོས་སྐྱོང་གི་དཀའ་གནད་ཀྱང་ཆེ་རུ་འགྲོ་རྒྱུ་རེད”ཅེས་བརྗོད།

    སྡེ་ལས་དོ་དམ་གྱི་བྱ་བ་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། ཞུ་གཏུག་འབྱུང་རྩ་ནས་བཅོས་སྐྱོང་ཐུབ་པར་སྐུལ་འདེད་གཏོང་ཆེད། ཉན་ལི་ཕུའུ་ཁྲིམས་རས“ཁྲིམས་དཔོན་དང་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་བརྟེན་ནས་རྩོད་གཞི་ཁག་བགོས་ཤིང་། ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་མཐུན་སྦྱོར་དང་རྒྱབ་སྐྱོར་བྱས་པར་བརྟེན་ནས། ཆུས་ཁྲིམས་འཛིན་ཅུས་དང་། ཁྲོམ་ར་ལྟ་འདོམས་ཅུས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས། གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་ཅུས། ཁྲོམ་གཞུང་དོན་གཅོད་ཁྲུའུ་སོགས་སྡེ་ཚན་མང་པོ་དང་མཉམ་དུ་དུས་ཐོག་ཏུ་སྡེ་ལས་ཀུང་སི་དང་དོ་བདག་བསྐོངས་ཏེ་སྡེ་ལས་རྩོད་གཞིའི་མཉམ་འབྲེལ་གྲོས་ཚོགས་འཚོགས་ནས་འགལ་བ་ཤེས་རྟོགས་དང་། དག་ཐེར་བྱེད་དགོས་པའི་ལས་འགན་སྤྲད་པ་མ་ཟད། “གཞི་གཅིག་ཅན”གྱི་གཅིག་གྱུར་དོ་དམ་དང“གཅིག་འཐུས་རྣམ་པའི”ཞབས་ཞུའི་རྩོད་གཞི་ཐག་གཅོད་ཀྱི་ལམ་སྲོལ“སྦབ་ཆ་གཅིག”བཟོས་ནས། འབེན་ལ་ཕོག་པའི་བཅོས་སྐྱོང་དང་། ཞུ་གཏུག་དང་འདུམ་འགྲིག་འབྲེལ་མཐུད་ཀྱིས་འབྱུང་རྩའི་ཞུ་གཏུག་བཅོས་སྒྲིག་གི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་བཏོན་པས། སྡེ་ལས་ཀྱི་རྩོད་གཞི་དེ་བས་མང་བ་མ་ཐོན་གོང་ནས་ཐག་གཅོད་དང་ཞུ་གཏུག་མ་བྱས་གོང་ནས་ཐག་གཅོད་ཐུབ་ཡོད།

    ངོ་ཐུག་གདོང་འཕྲད་ཀྱིས་གནད་དོན་ཐག་གཅོད་དང་གཅིག་སེམས་གཅིག་གཏད་ཀྱིས་འབྲེལ་འདྲིས་སྤེལ་རེས་བྱས་ཤིང་། “ཁྱིམ་མཚེས་འཆམ་མཐུན”སྡེ་ལས་རྩོད་གཞིའི་འདུམ་འགྲིག་ལས་དོན་ཁང་བཙུགས་པ་ནས་བཟུང་། སྡེ་ལས་རྩོད་གཞིའི་གྱོད་གཞི་ཁྱོན་2000ལྷག་ཙམ་ཐོ་འགོད་བདག་སྤྲོད་བྱས་པ་དང་། འདུམ་འགྲིག་བྱས་པའི་གྱོད་གཞི་750ཡི་ཁྲོད་གྱོད་གཞི་435ཐག་གཅོད་ལེགས་པར་བྱས་ནས། འདུམ་འགྲིག་བྱེད་ཚད་58%ཟིན་ཡོད། “གོམ་སྟབས་རྗེས་མར། ང་ཚོས་འགལ་བ་དང་རྩོད་གཞི་སེལ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ། ཐར་ཐོར་བཅོས་སྐྱོང་ནས་ཕྱོགས་བསྡུས་བཅོས་སྐྱོང་དང་། གཞན་དབང་བཅོས་སྐྱོང་ནས་རང་འགུལ་བཅོས་སྐྱོང་། འཕྲལ་སྒྲུབ་བཅོས་སྐྱོང་ནས་ཕུགས་ཕན་བཅོས་སྐྱོང་། ཕྱོགས་གཅིག་བཅོས་སྐྱོང་ནས་སྣ་མང་བཅོས་སྐྱོང་བར་བསྒྱུར་ནས་དུས་བདེ་འཛུགས་སྐྱོང་ཇེ་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ཀྲང་ཡུང་ཕིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།