དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཚང་མའི་འགྲན་ཁང་དང་འགྲན་ཐང་གཏན་འཁེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-30

    ཤིན་ཧྭ་གསར་འགྱུར་ཁང་སན་ཡཱ་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གསར་འགོད་པར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཁག་19ཡི་འགྲན་ཁང་དང་འགྲན་ཐང་གཏན་འཁེལ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཧའེ་ནན་དང་ཤིན་ཅང་འགྲན་ཁུལ་གཉིས་ཡོད་ཅིང་། འགྲན་བསྡུར་རྣམ་གྲངས་ཁྱོན་19ཡི་འགྲན་ཁང་དང་འགྲན་ཐང་བཀོད་སྒྲིག་བྱས་པ་ལས་རྟ་རྩལ་རྣམ་གྲངས་ཤིན་ཅང་གི་ཀྲའོ་སུའུ་རྫོང་དང་ཧོ་ཕའོ་རྣམ་གྲངས་ཧའེ་ནན་གྱི་ལིན་ཧྲུའེ་ལི་རིགས་རང་སྐྱོང་རྫོང་དུ་གཉེར་རྒྱུ་དང་། དེ་མིན་གྱི་རྣམ་གྲངས་ཚང་མ་སན་ཡཱ་གྲོང་ཁྱེར་དུ་བཀོད་སྒྲིག་བྱ་རྒྱུ་རེད། ཟླ་4པའི་ཟླ་མཇུག་གོང་འགྲན་ཁང་དང་འགྲན་ཐང་ཚང་མ་རྩིས་སྤྲད་ནས་བེད་སྤྱོད་བྱེད་རྒྱུ་རེད།

    རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་2024ལོའི་ཟླ་11ཚེས་22ཉིན་ནས་ཚེས་30ཉིན་བར་ཧའེ་ནན་ཡི་སན་ཡཱ་རུ་འཚོག་རྒྱུ་རེད། འགོ་འཛུགས་དང་མཇུག་འགྲིལ་མཛད་སྒོ་ཟླ་11ཚེས་22ཉིན་དང་ཚེས་30ཉིན་སན་ཡཱ་རྒྱལ་སྤྱིའི་ལུས་རྩལ་ཐོན་ལས་གླིང་གི་ལུས་རྩལ་ཐང་དུ་འཚོག་རྒྱུ་ཡིན་ཞིང་། སྤྱིའི་གཞི་ཁྱོན་སྔོན་དཔག་བྱས་ན་མི་ཁྲི་4.2ཟིན་རྒྱུ་རེད། ཟླ་11ཚེས་26ཉིན་མི་རིགས་མཉམ་སྤྲོའི་དགོང་ཚོགས་འཚོག་རྒྱུ་ཡིན་པར་ལྟད་མོ་བ་ཧ་ལམ་མི་ཁྲི་1.5ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།