དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སྐུ་ཚབ་ཀྱིས་གསུངས་དོན།

    ཅ་ཧྲར་དམག་མཚམས་འཇོག་པའི་གནད་དོན་ཐད་ཀྱི་ཨ་རིའི་ལྷག་བསམ་ལ་དོགས་འདྲི་བྱེད་དགོས་པ་ཞིག་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-30

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཀེང་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་ཅ་ཧྲར་དམག་མཚམས་འཇོག་པའི་གནད་དོན་ཐད་ཀྱི་ཨ་རིའི་ལྷག་བསམ་ལ་དོགས་འདྲི་བྱས་པ་རེད།

    ཁོང་གིས་ཚེས་25ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་2728ལ་གྲོས་འཆམ་བྱུང་ནས་སྨྱུང་སྲུང་ཟླ་བའི་རིང་ཅ་ཧྲ་ས་ཁུལ་དུ་འཕྲལ་མར་དམག་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པའི་ནང་ཀྲུང་གོ་ཚུད་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་14ཡིས་ཉིན་དེའི་འདེམས་ཤོག་འཕེན་རིང་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་པ་དང་། ཨ་རིས་དབང་འདོར་འདེམས་ཤོག་འཕངས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱ་སྤྱོད་དངོས་སྤེལ་བར་ཨ་རིས་བཀག་འགོག་ཐེངས་མང་བྱས་མཐར་གཅིག་གིས་ཁས་མ་བླངས་ཀྱང་ཐག་གཅོད་བྱེད་དགོས་ཞེས་པ་ནི་ཁས་ལེན་བྱེད་རིན་ཡོད་པ་ཞིག་ཡིན་མོད། འོན་ཀྱང་དེའི་དགེ་མཚན་ལྡན་པའི་དོན་སྙིང་ལ་བརྡས་ཐག་བཅད་རྗེས་ཨ་རི་ཕྱོགས་ཀྱིས་གཏམ་སྤྱོད་རབ་དང་རིམ་པ་སྤེལ་ནས་རྐང་རྗེས་ལག་བསུབ་བྱས་ཡོད། འདིས་ཨ་རིའི་ཆབ་སྲིད་ཀྱི་འདོད་བློ་དང་ལྷག་བསམ་ལ་དོགས་པ་མི་ཟ་ཀ་མེད་རེད་ཅེས་ནན་བཤད་གནང་ཡོད།

    ཀེང་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2728ཚུད་པའི་གྲོས་ཆོད་ཚང་མར་གཅུན་ནུས་ལྡན་ཡོད། དེའི་ཐད་དོགས་པ་བྱེད་དགོས་དོན་མེད་ལ་འགྲན་སློང་ཡང་བྱེད་མི་རུང་། རྒྱལ་ཁབ་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་སྐབས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གཏན་འབེབས་ལག་བསྟར་བྱ་རྒྱུའི་ཁས་ལེན་བྱས་པ་དེ་ནི་རྩ་འཛིན་གྱི་འོས་འགན་ཞིག་ཡིན་པས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཨ་རིས་དེ་བས་སྣེ་ཁྲིད་དེ་བརྩི་སྲུང་ཞུ་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བླང་བྱར་བརྩི་སྲུང་ཏན་ཏིག་ཞུས་ནས་ཅ་ཧྲ་ས་ཁུལ་ལ་དམག་དོན་གྱི་ཕར་རྒོལ་བྱེད་མཚམས་འཇོག་པ་དང་ཅ་ཧྲའི་དམངས་ཚོགས་ལ་རྒྱུག་པ་ལེབ་རྡུང་བྱེད་མཚམས་འཇོག་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ལ། ཨ་རིར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་དབྱི་སི་རལ་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱས་ཏེ་ནུས་ལྡན་གྱི་བྱེད་ཐབས་མཐའ་དག་སྤྱད་ནས་གྲོས་ཆོད་དོན་འཁྱོལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐུལ་མ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།