དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-30

    དཔྱིད་ཟླ་གསུམ་པར་གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ནས་གང་སར་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས། རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུས་པ་རེད།

    ཟླ་3ཚེས་28ཉིན། སྨན་གླིང་གྲོང་ཁྱེར་གནས་ལུང་ཤང་ཚེ་པ་གྲོང་ཚོའི་གླང་གོང་གནས་སྤོས་ས་ཚིགས་ཀྱི་མང་ཚོགས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ།

    ཟླ་3ཚེས་27ཉིན། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི“སྡུག་དྲན་སྐྱིད་བསམ་བྱས་ནས་ཏང་གི་བཀའ་དྲིན་ཚོར། འབད་འབུངས་མདུན་སྐྱོད་བྱས་ནས་ལེའུ་གསར་རྩོམ”ཞེས་པའི་སྒོར་གཞས་འགྲན་བསྡུར་ཆེན་པོ་བྱས་ཤིང་། འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།

     ཟླ་3ཚེས་28ཉིན་གྱི་སྔ་དྲོ། སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་དང་ས་གནས་ལ་བཅའ་སྡོད་ཚན་པ་ཁག་གི་ལས་བྱེད་ལས་བཟོ་དང་དེ་བཞིན་རྒྱ་ཆེའི་མང་ཚོགས་ཀྱིས་མཉམ་དུ་རིམ་སྤེལ་བྱེད་སྒོ་སྣ་ཚོགས་སྤེལ་ནས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུས་ཤིང་། འདི་ནི་བྱེད་སྒོར་ཞུགས་མཁན་མང་ཚོགས་ཀྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།