དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟླ་བ་གཉིས་པར་ཀྲུང་གོ་དང་ཧན་གོའི་མཁའ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཁྲི་བརྒྱ་ལས་བརྒལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-29

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧན་གོའི་རྒྱལ་ཁབ་ས་ཆ་འགྲིམ་འགྲུལ་པུས་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ། འདི་ལོའི་ཟླ་བ་གཉིས་པར་ཧན་གོའི་རྒྱལ་སྤྱིའི་མཁའ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་717.6ཟིན་པའི་ཁྲོད་ཀྲུང་གོའི་མཁའ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་101.8(14.19%བཟུང་བ)ཟིན་ཡོད། 2020ལོའི་ཟླ་དང་པོ(མི་ཐེངས་ཁྲི་154ཟིན་པ)ནས་དུས་ཡུན་ལོ་བཞི་ལྷག་ཙམ་སོང་པའི་རྗེས་སླར་ཡང་ཁྲི་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད།

    ཟླ་བ་གཉིས་པར་ཀྲུང་གོའི་མཁའ་ལམ་ནས་ཧན་གོས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་ལྡབ10(མི་ཐེངས་ཁྲི་10.5བཟུང་བ)ཟིན་ཡོད། ཀྲུང་གོའི་མཁའ་འགྲུལ་ལམ་ཐིག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཧན་གོའི་རྒྱལ་སྤྱིའི་མཁའ་ལམ་བརྒྱུད་འགྲུལ་པ་སྐྱེལ་འདྲེན་བྱེད་འབོར་ཁྲོད་བཟུང་བའི་བསྡུར་ཚད་དེ་2022ལོར་ཟླ་རེའི་ཆ་སྙོམས་3.3%བཟུང་བ་དེ་ན་ནིང་གི་ཟླ་དྲུག་པའི་རྗེས་སུ་10.13%གྱི་ཆུ་ཚད་ལ་སླར་གསོ་བྱུང་ཡོད། ཀྲུང་གོའི་མཁའ་ལམ་གྱི་དགོས་མཁོ་སླར་གསོ་བྱུང་བ་དང་སྦྲགས་ད་ལྟ་དབྱར་ཁའི་མཁའ་འགྲུལ་དུས་ཚིགས་ཀྱི་དུས་གཏན་གནམ་གྲུ་གཏོང་བའི་འཆར་གཞི་གྲ་སྒྲིག་བྱེད་བཞིན་པའི་མཁའ་འགྲུལ་ཀུང་སི་ཁག་གིས་མཁའ་ལམ་སླར་གསོ་དང་དུས་གཏན་གནམ་གྲུ་འཕར་མ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།