དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དོས་སྒམ་སྣ་མང་མཉམ་འདྲེན་གྱི་དུས་གཏན་མྱུར་བགྲོད་མེ་འཁོར་དང་པོ་དེ་ཤིས་ཨན་ནས་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-29

    འདི་ནི་X387རྟགས་ཅན་གྱི་མྱུར་སྐྱེལ་གཞུང་ལམ་སྐྱེལ་འདྲེན་ནས་ལྕགས་ལམ་སྐྱེལ་འདྲེན་ལ་སྒྱུར་བའི་དོས་སྒམ་སྣ་མང་མཉམ་འདྲེན་གྱི་མྱུར་བགྲོད་མེ་འཁོར་ཤིས་ཨན་རྒྱལ་སྤྱིའི་བབས་ཚུགས་ནས་ཐོན་པའི་གནས་ཚུལ་ཡིན་པ།

    ཟླ་3ཚེས་26ཉིན་གྱི་སྔ་དྲོར་མྱུར་སྐྱེལ་དངོས་ཟོག་བླུགས་པའི་X387རྟགས་ཅན་གྱི་དོས་སྒམ་སྣ་མང་མཉམ་འདྲེན་གྱི་མྱུར་བགྲོད་མེ་འཁོར་ཤིས་ཨན་རྒྱལ་སྤྱིའི་བབས་ཚུགས་ནས་ཐོན་ཏེ་ཝུའུ་ལུའུ་མུའུ་ཆིའི་སན་ཕིང་བབས་ཚུགས་སུ་བསྐྱོད་པ་དེ་ཐོག་ནས་མྱུར་སྐྱེལ་སྣ་མང་མཉམ་འདྲེན་གྱི་དུས་གཏན་མྱུར་བགྲོད་མེ་འཁོར(ཤིས་ཨན་ནས་ཝུའུ་ལུའུ་མུའུ་ཆི་བར)དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད། འདི་ནི་རྒྱལ་ཡོངས་སུ་བཏང་བའི་མྱུར་སྐྱེལ་གཞུང་ལམ་སྐྱེལ་འདྲེན་ནས་ལྕགས་ལམ་སྐྱེལ་འདྲེན་ལ་སྒྱུར་བའི་དོས་སྒམ་སྣ་མང་མཉམ་འདྲེན་གྱི་དུས་གཏན་མྱུར་བགྲོད་མེ་འཁོར་དང་པོ་དེ་ཡིན་པས་སྐྱེལ་འདྲེན་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཟོག་འདྲེན་མ་གནས་དམའ་རུ་གཏོང་བ། རྒྱལ་ནང་གི་མྱུར་འདྲེན་དྲ་ཚོང་རིགས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལ་ཞབས་འདེགས་ཞུ་བ་བཅས་ཐད་ཐབས་ལམ་གསར་པ་བཏོད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།