དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་དགོས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ངེས་པར་དུ་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-29

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཀྲང་ཅུན་གྱིས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་དགོས་པའི་གནད་དོན་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་གསལ་བཤད་རང་བཞིན་གྱི་གཏམ་བཤད་སྤེལ་ནས་གྲོས་ཆོད་ངེས་པར་དུ་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཀྲང་ཅུན་གྱིས། ཅ་ཧྲ་ས་ཁུལ་དུ་གདོང་ཐུག་ཐོན་ནས་ཟླ་བ་དྲུག་ཙམ་སོང་བ་དང་ཉེས་མེད་མི་སེར་ཁྲི་3.2ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད། ཚེ་སྲོག་ཤོར་བའི་མིའི་ངོས་ནས་བརྗོད་ན་དེ་རིང་གི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དེ་ཕན་ཐོགས་གང་ཡང་མེད་པ་ཞིག་རེད། འོན་ཀྱང་སྔར་ན་བྱུང་མྱོང་མེད་པའི་མི་ཆོས་ཀྱི་ཆག་སྒོའི་ཁྲོད་ལུས་པའི་ཅ་ཧྲ་ས་ཁུལ་གྱི་དམངས་ཚོགས་ཀྱི་ངོས་ནས་བརྗོད་ན། གལ་སྲིད་གྲོས་ཆོད་འདི་ཕྱོགས་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་ཐུབ་ཚེ། ཡུན་རིང་རེ་སྒུག་བྱེད་པའི་ཕུགས་བསམ་མངོན་འགྱུར་ཡོང་སྲིད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་གཅུན་འདོམས་ཀྱི་ནུས་པ་ལྡན་པས་ཀྲུང་གོ་ཕྱོགས་ཀྱིས་དོ་བདག་ཕྱོགས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ནང་གཏན་འབེབས་བྱས་པའི་འོས་འགན་ལག་བསྟར་བྱས་ཏེ་གྲོས་ཆོད་ཀྱི་བླང་བྱ་གཞིར་བཟུང་དགོས་ངེས་ཀྱི་བྱ་སྤྱོད་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཀྱིས་དོན་དག་འདིའི་ཐད་ནུས་པ་གང་ལེགས་འདོན་རྒྱུའི་རེ་སྒུག་བྱེད་པའི་ནང་བྱ་ཐབས་ནུས་ལྡན་མཐའ་དག་སྤྱད་ནས་གྲོས་ཆོད་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་ཚུད་ཡོད་ཅེས་བརྗོད་པ་རེད།

    ཀྲང་ཅུན་གྱིས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་དུས་བབ་ལ་མུ་མཐུད་དོ་ཁུར་དམ་ཟབ་བྱས་ཏེ། དགོས་ངེས་ཀྱི་བྱ་སྤྱོད་སྤེལ་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ནས་གྲོས་ཆོད་དུས་ཐོག་དང་གང་ལེགས་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕྱོགས་ཁག་དང་མཉམ་དུ་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་སྔ་ཙམ་མཚམས་བཞག་ནས་མི་ཆོས་ཀྱི་གནོད་འཚེ་ཞི་ལྷོད་དུ་གཏོང་བ་དང“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱེད་པར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།