དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཀྲུང་གོ་དང་ཧོང་ཏུ་ར་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་རིང་གི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཀྲུང་གོ་དང་ཧོང་ཏུ་ར་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་སོང་རིང་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་ལ། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཧོང་མཛའ་གྲོགས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།

    “དེ་རིང་ཀྲུང་གོ་དང་ཧོང་ཏུ་ར་སིས་སྤྲོ་སེམས་འཁོལ་པོས་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་འཁོར་བའི་དྲན་གསོའི་ཉིན་མོ་བསུས་ཡོད” ལིན་ཅན་གྱིས་ལོ་གཅིག་གི་གོང་དུ་ཀྲུང་གོ་དང་ཧོང་ཏུ་ར་སིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཕྱི་འབྲེལ་བཙུགས་ཏེ་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ན་ནིང་ཟླ་བ་དྲུག་པར་ཧོང་ཏུ་ར་སིའི་ཙུང་ཐུང་ཁཱ་སི་ཐེ་ལུའོ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་རྒྱུས་རང་བཞིན་གྱི་མཇལ་འཛོམས་གནང་བ་མ་ཟད། ཕྱོགས་གཉིས་པོས་མཉམ་ལས་གྲོས་མཐུན་ཁག་17བཞག་སྟེ་ཕྱོགས་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོས་འགོ་འཛུགས་ཆེད་རྨང་གཞི་གལ་ཆེན་བཏིང་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་གཅིག་སོང་རིང་། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པ་མ་ཟད། དཔལ་འབྱོར་ཚོང་དོན་དང་། ཞིང་ལས། ཚན་རྩལ། སློབ་གསོ། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་སྟེ་ཡངས་པའི་མདུན་ལམ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད།

    “ཀྲུང་ཧོང་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་དོན་དངོས་ལས། ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཀྲུང་གོ་དང་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་བཏང་བ་དེ་ལོ་རྒྱུས་ཀྱི་རླབས་རྒྱུན་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་མ་ཟད། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་པ་ར་སྤྲོད་གང་ལེགས་ཐུབ་ཡོད”ཅེས་ལིན་ཅན་གྱིས་བརྗོད།

    ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧོང་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཧོང་ཏུ་ར་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་བཞག་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་མ་ཟད། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྨང་གཞིའི་ཐོག་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་སྲ་བརྟན་དུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྤེལ་རེས་ཟབ་ཏུ་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཧོང་མཛའ་གྲོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།