དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པུའུ་དབྱི་གྲོང་སྡེའི་དཔྱིད་ཉམས་ལྷག་པར་མཛེས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-29

    དཔྱིད་ཟླ་ར་བར་ཀུའེ་དབྱང་གྲོང་ཁྱེར་ཨུ་ཏང་ཆུས་ཤིན་པའོ་པུའུ་དབྱི་རིགས་ཤང་ཝང་ཀང་གྲོང་ཚོར་ཁམ་བུའི་མེ་ཏོག་དང་། ལིའི་མེ་ཏོག པད་ཁའི་མེ་ཏོག་རབ་ཏུ་བཞད་ནས་ཡུལ་སྐོར་བ་མང་པོ་མེ་ཏོག་གི་མཛེས་པར་མྱོང་རོལ་དང་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་བཀུག་ནས་དཔྱིད་དཔལ་ཉམས་སུ་མྱོང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཝང་ཀང་གྲོང་ཚོས་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་དང་དམངས་སྲོལ་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ཏེ“མཛེས་སྡུག་ལྡན་པའི་གྲོང་ཚོ”འཛུགས་སྐྲུན་གྱི་གོམ་སྟབས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད། འདི་ནི་ཀུའེ་དབྱང་གྲོང་ཁྱེར་ཨུ་ཏང་ཆུས་ཤིན་པའོ་པུའུ་དབྱི་རིགས་ཤང་ཝང་ཀང་གྲོང་ཚོའི་མཛེས་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།