དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།

    ཨན་ཧུའེ་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་བྱེད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-29

    “ད་ཐེངས་ང་ཚོ་ཨན་ཧུའེ་ཡི་ས་ཆ་མང་པོར་བསྐྱོད་དེ་མཛེས་ལྗོངས་མང་པོར་བལྟས་པ་མ་ཟད། ཤེས་བྱ་གསར་པ་མང་པོ་ཤེས་བྱུང་། ད་དུང་གྲོགས་པོ་གསར་པ་ཡང་བསྒྲིགས་པས་ཧ་ཅང་དགའ་པོ་བྱུང”

    “ད་ཐེངས་ཀྱི་བྱེད་སྒོ་ནི་ང་རང་བོད་ནས་ཁ་བྲལ་ཏེ་ཨན་ཧུའེ་ལ་ཡོང་ཐེངས་དང་པོ་ཡིན་པས་ནམ་ཡང་བརྗེད་པ་མི་འདུག”

    གྲང་ངར་ཆེ་བའི་དགུན་དུས་སུ། གུང་གཞོན་སྡེ་ཚོཊ་ལྷོ་ཁ་གྲོང་ཁྱེར་ཨུ་ལྷན་གྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་28སྒྲིག་འཛུགས་བྱས་ཏེ་ན་གཞོན་དགེ་རྒན་2དང་མཉམ་དུ་ཨན་ཧུའེ་ཞིང་ཆེན་དུ་དུས་ཡུན་ཉིན་བདུན་གྱི“སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་ཨན་ཧུའེ་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་དང་བརྩེ་སེམས་ཟབ་གཏོང་གི་བྱེད་སྒོ་སྤེལ་བས། ཨན་ཧུའེ་དང་བོད་ཀྱི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་རྒྱ་ཁྱབ་དང་། སྤྱི་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱུང་ཡོད།

    བྱེད་སྒོ་སྤེལ་རིང་། ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་གིས་ཧོ་ཧྥེ་དང་། ཧོང་ཧྲན། ལིའུ་ཨན་སོགས་ཀྱི་ས་ཆར་ཧུའེ་ཀྲོའུ་ཡི་རིག་གནས་ལ་ལྟ་སྐོར་དང་། གསར་བརྗེའི་རྗེས་ཤུལ་འཚོལ་བ། ཡིག་ཚང་གི་ནོར་བུ་བཞི་འཚོལ་ཞིབ། སློབ་གྲྭར་བསྐྱོད་དེ“ལག་གདང་སྦྲེལ་བའི”མི་རིགས་མཐུན་སྒྲིལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོ་སྐྱིད་མཉམ་དུ་ཉམས་ལེན་དང་། ནང་དོན་ཟབ་ཅིང་རྒྱ་ཆེ་བའི་ཀྲུང་ཧྭའི་རིག་གནས་མྱོང་རོལ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ཡོད།

    མི་རིགས་མཐུན་སྒྲིལ་གཅིག་སེམས་གཅིག་ལ་སྦྲེལ་བ་དང་ཀྲུང་ཧྭའི་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད། ཧོང་ཧྲན་གྲོང་ཁྱེར་ཧུའེ་ཀྲོའུ་ཆུས་ཡན་སི་སློབ་ཆུང་དུ་སྐྱོད་སྐབས། སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་སློབ་སྤྱི་ཅང་ཧའེ་དབྱིང་གིས་ལྷོ་ཁ་གྲོང་ཁྱེར་གྱི་སློབ་མའི་སྣེ་ཁྲིད་དེ་སློབ་གྲྭ་དེའི་སློབ་མའི་སློབ་སྦྱོང་དང་འཚོ་བར་ལྟ་སྐོར་བྱས་ནས། ཁོང་ཚོར་སློབ་གྲྭའི་རིག་གནས་མི་འདྲ་བ་ཉམས་ལེན་བྱེད་དུ་བཅུག་པ་རེད། ས་གནས་གཉིས་ཀྱི་སློབ་མས་མཉམ་དུ་ལེ་ཚན་འཁྲབ་སྟོན་དང་། མཉམ་དུ་རི་མོའི་བརྩམས་ཆོས་འབྲི་བ། ཕན་ཚུན་ལག་རྟགས་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་ལག་གདང་སྦྲེལ་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དངོས་སུ་ཚོར་བར་བྱས་ཡོད། ཚང་མས་ཕན་ཚུན་རྒྱུས་མངའ་དང་། ཕན་ཚུན་སློབ་སྦྱོང་། མཉམ་དུ་་མྱོང་རོལ་བཅས་བྱས་པས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་གཞོན་ནུ་ལོ་ཆུང་ཚང་མའི་སེམས་དབུས་སུ་ཟུག་ཡོད།

    ས་གནས་གཉིས་ཀྱི་སློབ་མ་ཚོས་ཧུའེ་ཀྲོའུ་གནའ་གྲོང་དང་། ཐུན་ཤིས་ཁྲོམ་ལམ་རྙིང་པ། ཧུང་ཚུན་གྲོང་ཚོ། ཤིས་ཤིས་ནན་སོགས་སུ་བསྐྱོད་དེ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཧུའེ་ཀྲོའུ་ཡི་རིག་གནས་ཉམས་ལེན་དང་བརྗིད་ཉམས་ཆེ་བའི་རི་བོ་ཧོང་ཧྲན་གྱི་མཛེས་ལྗོངས་ལ་བལྟས་པ་རེད། ཧུའེ་ཀྲོའུ་ཡི་ཡུལ་སྲོལ་དང་ཨན་ཧུའེ་ཡི་ཉམས་འགྱུར་ཉམས་ལེན་བྱས་པ་ལས་ས་གནས་གཉིས་ཀྱི་སློབ་མ་ཚོས་ངོ་མཚར་ཆེ་བའི་ཧུའེ་ཀྲོའུ་ཡི་རིག་གནས་ཚོར་བ་མ་ཟད། འོད་སྟོང་འཕྲོ་ཞིང་ལོ་རྒྱུས་རིང་བའི་ཀྲུང་ཧྭའི་ལོ་རྒྱུས་ཀྱང་དེ་བས་ཤེས་རྟོགས་ཐུབ་ནས་ཚང་མས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་རིག་གནས་ལ་བཅངས་པའི་མོས་སེམས་སྔར་བས་ཟབ་ཏུ་ཕྱིན་པ་རེད།

    དུས་ཐུང་གཟའ་འཁོར་གཅིག་གི་བྱེད་སྒོ་ཕུན་སུམ་ཚོགས་པོས་མཇུག་འགྲིལ་ཡང་ས་གནས་གཉིས་ཀྱི་སློབ་མའི་དབར་གྱི་མཛའ་གཅུགས་ཀྱི་འབྲེལ་ཟམ་བརྟན་པོ་ཞིག་བཙུགས་ཤིང་། རྒྱལ་གཅེས་དང་། མཐུན་སྒྲིལ། མཛའ་གྲོགས། འཚོལ་སྙེག་བཅས་ཀྱི་མྱུ་གུ་རེ་རེ་སློབ་མ་ཚོའི་སེམས་དབུས་ནས་རིམ་གྱིས་རྒྱས་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་རང་རེའི་ཀྲུང་ཧྭ་ལ་གཅེས་པའི་ས་བོན་ཡང་ས་གནས་གཉིས་ཀྱི་སློབ་མའི་སེམས་དབུས་སུ་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།